ཨ་རིའི་གྲོས་ཚོགས་འོག་མའི་ནང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་གཏན་འབེབས་གནང་བ།


2019.12.04
ཨ་རིའི་གྲོས་ཚོགས་འོག་མའི་ནང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་གཏན་འབེབས་གནང་བ། ཨ་རིའི་གྲོས་ཚོགས་འོག་མའི་ནང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་ལ་གྲོས་ཚོགས་འཐུས་མིའི་མང་མོས་ཐོག་ནས་གཏན་འབེབས་གནང་ཡོད་པ།
ཨ་རིའི་གྲོས་ཚོགས་ཀྱི་དྲ་རྒྱ།

ཕྱི་ཟླ་ ༡༢ ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་ལ་གྲོས་ཚོགས་འཐུས་མིའི་མང་མོས་ཐོག་ནས་གཏན་འབེབས་གནང་ཞིང་།  དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ནང་འཐུས་མི་ ༤༠༧ གྱིས་རྒྱབ་སྐྱོར་དང་འཐུས་མི་གཅིག་གིས་ངོ་རྒོལ་གྱི་འོས་ཤོག་འཕེན་པའི་ཐོག་ནས་ ༢༠༡༩ ལོའི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲིད་བྱུས་ཁྲིམས་འཆར་ཆེས་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་ཡོད་ཅིང་།   ཁྲིམས་འཆར་དེའི་ནང་ཨ་རི་གཞུང་གིས་ཤིན་ཅང་ངམ། ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་ཚོའི་ཐོག་རྡུང་རྡེག་དང་གནར་གཅོད་དང་འཇུ་བཟུང་བཀག་ཉར་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད།  སྲིད་བྱུས་དེ་རིགས་ཐག་གཅོད་བྱེད་མཁན་དཔོན་རིགས་ཚོར་ཉེས་ཆད་འགེལ་རྒྱུ་སོགས་ཀྱི་ནང་དོན་བཀོད་ཡོད་པ་རེད།  
ཁྲིམས་ཡིག་འདི་ནི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་གྲོས་མཐུན་གཏན་འབེབས་བྱུང་བའི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་འཆར་ཞེས་པ་དེའི་ཁ་སྣོན་ཁྲིམས་ཡིག་ཅིག་ཆགས་ཀྱི་ཡོད་ཅིང་།  དེའི་ནང་ཨ་རི་གཞུང་གིས་ཤིན་ཅང་ངམ། ཤར་ཏུར་ཀི་སི་ཐན་གྱི་གནད་དོན་ཐོག་དམིགས་བསལ་ལས་དོན་སྐུ་ཚབ་ཤིག་བསྐོ་བཞག་གནང་རྒྱུ་སོགས་བཀོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎