རྒྱ་ནག་གིས་༧གོང་ས་མཆོག་དང་ལྷན་གྲོས་མོལ་གནང་དགོས།


2015.01.08
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Jen Psaki ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Jen Psaki
དྲ་བཤུས

དེ་ཡང་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་ཡོང་བའི་རེ་འདུན་གནང་གི་ཡོད་སྐོར་ཕྱི་ཚེས་༧ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Jen Psakiཡིས་ཨ་རི་གཞུང་གི་གསར་འགོད་ལྷན་ཚོགས་སྐབས་གསུངས་ཡོད་པ་དང་། ཁོས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཆེད་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་ཐུབ་ཚེ་རྒྱ་ནག་ལའང་ཁེ་ཕན་ཡོད་པར་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་གོ་སྐབས་དེ་ངེས་པར་དུ་དམ་འཛིན་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།
དེ་ཡང་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་འབྱུང་སྲིད་པའི་གནས་ཚུལ་སྐོར་གྱི་དྲི་བར་མགྲིན་ཚབ་པ་ཇེན་པ་སི་ཀི་ཡིས་ལན་འདེབས་གནང་དོན། ངས་གནས་ཚུལ་དེ་མཐོང་བྱུང་། ངས་གྲོས་མོལ་ཡོང་རྒྱུ་ཡིན་མིན་སྐོར་མཐའ་གཅིག་ཏུ་ཞུ་དཀའ་ཡང་། སྤྱིར་ཨ་རི་གཞུང་ཕྱོགས་ཀྱི་ངོས་ནས་དུས་རྟག་ཏུ་རྒྱ་ནག་གཞུང་ལ་སྔོན་འགྲོའི་
ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་གནང་བ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། བོད་རྒྱ་གཉིས་དབར་གྲོས་མོལ་ལམ་ནས་དཀའ་རྙོག་སེལ་ཐུབ་ཚེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་ཚང་མར་ཡང་ཁེ་ཕན་ཡོང་རྒྱུར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་ཕྱོགས་ནས་གོ་སྐབས་དེ་དམ་འཛིན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎