ཨ་རིའི་དམངས་གཙོ་ཚོཊ་པའི་གྲོས་ཚོཊ་འཐུས་མི་བོད་ནང་ཕེབས་པ།


2015.11.12
ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པ་བོད་ནང་ལ་ཕེབས་ནས་ཕྱིར་པེ་ཅོང་ལ་འབྱོར་སྐབས། ༢༠༡༥།༡༡།༡༢ ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པ་བོད་ནང་ལ་ཕེབས་ནས་ཕྱིར་པེ་ཅིང་ལ་འབྱོར་སྐབས། ༢༠༡༥།༡༡།༡༢
AFP

ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པ་ཞིག་བོད་ནང་ལ་ཕེབས་འདུག
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosiཡིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པས་བོད་ནང་གཟིགས་སྐོར་གནང་ཡོད་པ་དང་། དེ་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་། ད་ལྟའི་ཆར་གྲོས་ཚོགས་འོག་མའི་ནང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་འགོ་འཁྲིད་ཀྱི་འགན་འཁུར་བཞིན་པའི་ལྕམ་Nancy Pelosiདང་། ཁོང་གི་ཕྱག་རོགས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དེང་སྐབས་རྒྱ་ནག་ནང་འཚམས་གཟིགས་གནང་བཞིན་པའི་སྐབས་དང་བསྟུན་ཏེ། སྐུ་ཚབ་ཚོགས་པ་དེ་ཡིས་བོད་ནང་དུའང་གཟིགས་སྐོར་གནང་ནས་འདི་ཚེས་༡༢ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིར་འཁོར་བའི་རྗེས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་Zhang Dejiangདང་མཇལ་འཕྲད་གནང་བའི་སྐབས། Zhang Dejiangགྱིས་ལྕམ་སྐུ་Nancy Pelosiཁྱེད་རང་བོད་ནང་ཕེབས་ཏེ་བདེ་ཐང་ངང་ཕྱིར་འཁོར་ཐུབ་པར་དགའ་པོ་བྱུང༌། ངོས་ནས་ཁྱེད་རང་གི་བོད་ནང་གཟིགས་ཚུལ་ཇི་བྱུང་སྐོར་ཤེས་འདོད་འདུག་ཅེས་གསུང་པའི་ལན་དུ། ལྕམ་Nancy Pelosiཡིས། ངོས་ནས་བོད་ཀྱི་གནད་དོན་སྐོར་དེའི་སྔོན་དུ་བྱུང་བའི་ལྷན་འཛོམས་ཤིག་གི་ཐོག་བསམ་ཚུལ་ཤོད་རྒྱུ་བྱུང༌བ་དེ་དག་གིས་ང་ཚོས་དབར་གནད་དོན་གཞན་གྱི་ཐོག་མུ་མཐུད་གྲོས་མོལ་བྱེད་པའི་སྐབས་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག་ཅེས་གསུངས་ཡོད་འདུག་པ་མ་གཏོགས་བོད་ནང་ཕེབས་པའི་གཟིགས་ཚུལ་སྐོར་གནས་སྐབས་ཞིབ་ཕྲ་གང་ཡང་གསུངས་མེད་པ་རེད།
གནས་ཚུལ་ནང་མུ་མཐུད་བཀོད་གསལ་ལ་གཞིགས་ན། ལྕམ་Nancy Pelosiནི་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་དང༌། རྒྱ་ནག་གི་སྲིད་བྱུས་ལ་རྒྱུན་དུ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་ལྟར། ཕྱི་ལོ་༢༠༠༨ལོར་ཁོང་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་གསུང་བཤད་ཞིག་གནང་བའི་ནང༌། རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ནང་གཉའ་གནོན་བྱེད་བཞིན་པ་དེར་རང་དབང་ལ་དགའ་མོས་བྱེད་མཁན་གྱི་འཛམ་གླིང་མི་མང་ཚོས་སྐྱོན་བརྗོད་མ་བྱས་པ་ཡིན་ཚེ། ང་ཚོར་འགྲོ་བ་མིའི་ཐོབ་ ཐང་སྐོར་གླེང་སློང་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་མ་རེད་ཅེས་གསུང་མྱོང་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosམཆོག་ནི་འདས་པའི་ལོ་ངོ་༣༠་ཙམ་རིང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དྲང་བདེན་གྱི་བཀའ་མོལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། བོད་དོན་ཐོག་ལ་ཡང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་། ལྕམ་Pelosiམཆོག་༢༠༠༩ལོར་རྒྱ་ནག་ནང་ཕེབས་པ་བཟུང་ད་རེས་རྒྱ་ནག་ནང་ཕེབས་པ་ཐོག་མ་དེ་ཡིན་པ་རེད།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎