བོད་ནང་གི་བོད་མིའི་འབྱུང་འགྱུར་གྱི་རྨི་ལམ་རྟོགས་ཐབས་བྱས་ཡིན། ཨ་རིའི་གཞུང་ཚབ་ཆེན་མོས།


2019.06.19
རྒྱ་ནག་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་ཉེ་ཆར་བོད་ནང་གཟིགས་སྐོར་སྐབས། ༢༠༡༩ རྒྱ་ནག་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་ཉེ་ཆར་བོད་ནང་གཟིགས་སྐོར་སྐབས། ༢༠༡༩
ཨ་རིའི་གཞུང་ཚབ་ཁང།/Weibo

རྒྱ་ནག་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོས་ཉེ་ཆར་བོད་ནང་གཟིགས་བསྐོར་གནང་པའི་ཐད་བརྙན་ཐུང་ཞིག་བཏོན་འདུག
རྒྱ་ནག་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ ཊི་རི་སྦརནསྀ་ཊཱཌ་ (Terry Branstad) མཆོག་གིས་སྣེ་ཁྲིད་པའི་གཟིགས་བསྐོར་ཚོགས་པས་ཉེ་ཆར་བོད་ནང་གཟིགས་སྐོར་གནང་པའི་ཐད་གཞུང་ཚབ་ཆེན་མོས་ཕྱོགས་སྡོམ་གྱི་བརྙན་ཐུང་ཞིག་བཟོས་ནས་ཕྱི་བསྒྲགས་གནང་པར་ད་བར་ལྟ་མཁན་མི་གྲངས་འབུམ་གཉིས་དང་ཁྲི་གསུམ་ལྷག་བྱུང་འདུག
བརྙན་ཐུང་དེའི་ནང་ཨ་རིའི་གཞུང་ཚབ་ཆེན་མོས། ཁོང་ལྷ་སར་འགྲུལ་བཞུད་གནང་ཐུབ་པའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་གནང་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ (ལྷ་སར་གསུངས་པ་མིན་ནམ) ནི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རིག་གཞུང་། ཆོས་ཕྱོགས་ཀྱི་གལ་གནད་ཆེ་བའི་གནས་ཤིག་ཡིན་པ་གསུངས་ཤིང་། ཁོང་མཚོ་སྔོན་ནས་ལྷ་ས་བར་མེ་འཁོར་ནང་ཕེབས་པ་དེར འཛམ་གླིང་ཡང་སྟེང་གི་མེ་འཁོར་ལ་བསྡད་པ་ཧ་ཅང་ཡ་མཚན་པ་དང་། ཡུལ་འདིའི་མཛེས་ལྗོངས་ནི་གཞན་ལ་བསྡུར་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག  ལྷག་པར་དུ་ཨ་རིའི་གཞུང་ཚབ་ཆེན་མོས། ཕོ་བྲང་པོ་ཏཱ་ལ་དང་། ནོར་བུ་གླིང་ཀ།  བར་བསྐོར་བཅས་སུ་ལྟ་བསྐོར་བྱས་པར་ང་དང་ལས་རོགས་རྣམས་ཧ་ཅང་གི་སྐྱིད་པོ་བྱུང་ཞིང་། ང་ཚོས་བོད་ཀྱི་ནང་ཆོས་ཀྱི་སྐོར་ཤེས་རྟོགས་བྱུང་བ་ཙམ་དུ་མ་ཟད། ས་གནས་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་། ཞིང་པ། ན་གཞོན་ཆེད་ལས་པ་སོགས་དང་ཉམས་མྱོང་སྤེལ་རེས་བྱས་པ་གསུངས་འདུག གཞུང་ཚབ་པ་ཊེ་རི་སྦརནསྀ་ཊེཌ་གྱིས་སློབ་གྲྭའི་སློབ་ཕྲུག་དང་དེ་བཞིན་བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་ལ་སོགས་པར་ཐུག་འཕྲད་བྱས་ནས་སྲོལ་རྒྱུན་གོམས་གཤིས་དང་། ཉིན་རེའི་འཚོ་བ། འབྱུང་འགྱུར་གྱི་རྨི་ལམ་བཅས་རྟོགས་ཐབས་གནང་ལུགས་གསུངས་འདུག་ལ། བོད་ཀྱི་ཐུན་མིན་གྱི་མཛེས་སྡུག་དང་བོད་མིའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་འདི་བཞིན་གཅེས་ནོར་ཡིན་པར་ངོས་འཛིན་གནང་སྟེ། དེ་དག་སྲུང་སྐྱོབ་བྱས་ནས་མི་རབས་རྗེས་མར་བརྒྱུད་སྤྲོད་བྱ་དགོས་པ་རེད་ཅེས་གསུངས་འདུག  ཡང་བརྙན་ཐུང་དེའི་ནང་ཁོང་གིས་མུ་འཐུད།  ངས་གོ་སྐབས་འདི་བཟུང་ནས་གནད་དོན་འདི་དག་ས་གནས་གཞུང་གི་དཔོན་རིགས་ཁག་དང་གྲོས་བསྡུར་བྱས་པ་མ་ཟད། ཨ་རི་དང་མཛེས་སྡུག་ལྡན་པའི་མངའ་ཁུལ་འདིའི་དབར་འཚམས་འདྲི་བརྗེ་རེས་ཀྱི་འགྲུལ་བཞུད་ལས་དོན་སྤེལ་རྒྱུར་དར་སྤེལ་གཏོང་དགོས་སྐོར་ཡང་གླེང་པ་ཡིན་ཞེས་གསུངས་འདུག
ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་སྦརནསྀ་ཊེཌ་མཆོག་གི་སྣེ་ཁྲིད་པའི་གཟིགས་བསྐོར་སྐུ་ཚབ་ཚོགས་པ་མཚོ་སྔོན་དང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ས་ཁུལ་ཁག་ཏུ་ཕྱི་ཟླ་ ༥ ཚེས་ ༡༨ ནས་ ༢༥ བར་འཚམས་གཟིགས་གནང་ཞིང་། ཁོང་རྒྱ་ནག་ཏུ་ཕྱིར་ལོག་གནང་རྗེས་འཚམས་གཟིགས་དང་འབྲེལ་བའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་དབར་གྱི་མི་མཐུན་པའི་གནད་དོན་ཁག་སེལ་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་འདི་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་འཚམས་གཟིགས་སུ་ཕེབས་པ་འདི་ནི། སྔ་ལོ་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་གྲོས་འཆར་ཁྲིམས་གཞི་གཏན་འབེབས་གནང་རྗེས་ཨ་རིའི་དཔོན་རིགས་བོད་དུ་ཕེབས་མཁན་ཐོག་མ་དེ་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎