བོད་ཀྱི་རྒྱལ་དར་ཕྱར་མི་ཆོག་པའི་བཀག་སྡོམ་བྱས་འདུག


2017.05.03
བོད་མི་ལས་འགུལ་ལ་ཞིག་གིས་བོད་དང་ཨ་རིའི་རྒྱལ་དར་གྱོན་ཡོད་པ། བོད་མི་ལས་འགུལ་ལ་ཞིག་གིས་བོད་དང་ཨ་རིའི་རྒྱལ་དར་གྱོན་ཡོད་པ།
lhuboom/RFA

ཨ་མི་རི་ཀའི་མཐོ་སློབ་ཞིག་གི་མཛད་སྒོའི་སྐབས་བོད་མི་ཞིག་གིས་བོད་ཀྱི་རྒྱལ་དར་ཕྱར་འདོད་བྱས་པར་བཀག་སྡོམ་བྱས་འདུག
དེ་ཡང་ཟླ་བ་འདིའི་ནང་ཨ་མི་རི་ཀའི་ཤར་ཕྱོགས་མངའ་སྡེ་Massachusette ཡི་UMass་Amherstཡི་གཙུག་ལག་སློབ་གྲ་ཆེན་མོའི་ནང་བསླབ་པ་མཐར་སོན་གྱི་མཛད་སྒོའི་རུ་སྒྲིག་སྐབས། སློབ་མ་ནང་པ་སྐལ་བཟང་ལགས་ལ་བོད་ཀྱི་རྒྱལ་དར་འཁྱེར་རྒྱུར་དམ་དྲག་བྱས་འདུག སློབ་མ་ནང་པ་སྐལ་བཟང་ལགས་ཀྱིས་འདི་ལོའི་ཕྱི་ཟླ་གསུམ་པའི་འགོ་སྟོད་ལ་གཙུག་ལག་སློབ་གྲ་ཆེན་མོའི་ཕྱི་འབྲེལ་ལས་དོན་དང་དུས་སྟོན་གོ་སྒྲིག་གི་ལས་ཁུངས་ལ། ཕྱི་ཟླ་ ༥ ཚེས་༡༢་ཉིན་བསླབ་པ་ཐར་སོན་གྱི་མཛད་སྒོའི་རུ་སྒྲིག་ནང་ཁོང་གིས་བོད་ཀྱི་རྒྱལ་དར་འཁྱེར་ཆོག་པའི་ཆོག་མཆན་སྙན་ཞུ་ཕུལ་ཡང་ཡ་ལན་གང་ཡང་མ་བྱུང་སྟབས་ཁོང་གིས་བདུན་ཕྲག་བཞིའི་རྗེས་སུ་ཡང་བསྐྱར་ཞལ་པར་ཕུལ་ན་ཡང་ཚུལ་མཐུན་གྱི་ལན་འདེབས་གང་ཡང་གནང་མེད་པ་ནང་མ་སྐལ་བཟང་ལགས་ཀྱིས་མིང་ཐོག་ནས་སྤེལ་བའི་སྤྱིར་བསྒྲགས་དེའི་ནང་བཀོད་འདུག།
འོན་ཀྱང་ཉེ་དུས་ཁོང་ལ་གློག་འཕྲིན་email་བརྒྱུད་ནས་གཙུག་ལག་སློབ་གྲ་ཆེན་མོ་དེའི་ཡིག་ཚང་ནས་ཡི་གེ་ཞིག་འབྱོར་བའི་ནང་། སྐལ་བཟང་ལགས་ལ་བོད་ཀྱི་རྒྱལ་དར་འཁྱེར་མི་ཆོག་པའི་སྐོར་བརྗོད་ཡོད་ཅིང་། དེའི་རྒྱུ་མཚན་ནི་UMassཞེས་པའི་གཙུག་ལག་སློབ་གྲ་ཆེན་མོ་འདི་ནི་མངའ་སྡེའི་གཙུག་ལག་སློབ་གྲ་ཆེན་མོ་ཞིག་ཡིན་སྟབས་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་གནད་དོན་ཁག་ཤེས་པའི་ཐོག་ནས་མཐོ་སློབ་དེས་ཨ་རིའི་ཕྱི་སྲིད་ལས་ཁང་གིས་ངོས་འཛིན་བྱས་པའི་རྒྱལ་ཁབ་ཁག་གི་དར་ཆ་དང་། དེ་བཞིན་སློབ་ཕྲུག་བརྗེ་ལེན་བྱེད་སའི་ཡུལ་གྲུ་ཁག་གི་རྒྱལ་དར་མ་གཏོགས་འཁྱེར་འཇུག་གི་མེད་ཅེས་བཀོད་ནས་གང་ལྟར་ཁོང་ལ་བོད་ཀྱི་རྒྱལ་དར་འཕྱར་འཇུག་རྒྱུ་མིན་པའི་ཐག་གཅོད་བྱས་པར་སློབ་མ་སྐལ་བཟང་ལགས་ཧང་སང་ཧོན་ཐོར་བ་དང་བློ་ཕམ་ཡང་ཧ་ཅང་ཆེན་པོ་བྱུང་འདུག
ཁོང་གིས་ཁོང་ལ་བོད་ཀྱི་རྒྱལ་དར་འཁྱེར་མི་ཆོག་པའི་ཐག་གཅོད་བྱས་པ་དེ་ནི། རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་གྱིས་གདུག་རྩུབ།  གནས་ཚུལ་ཁག་ལ་ཞིབ་གཤེར་སྟངས་འཛིན་བྱེད་བཞིན་པར་བརྟན་ནས་ཡིན་པ་རེད་ཅེས་དང་།  ། ད་ཆ་ཨ་རིའི་མཐོ་སློབ་ཁང་འདིས་ང་ལ་ངའི་ལུང་པའི་སྐུ་ཚབ་བྱ་རྒྱུ་དང་། ངའི་ངོ་བོ་གསལ་འདོན་བྱ་རྒྱུར་བཀག་འགོག་བྱས་པའི་ཐག་གཅོད་འདི་ནི། ་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཞིག་ཡིན་པར་མ་ཟད། དེ་ནི་མཐོ་སློབ་དེའི་དམིགས་ཡུལ་དང་ཡང་འགལ་ཟླ་ཡིན་ལུགས་གསུངས་འདུག
ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་Elizabeth Warrenམཆོག་གཙུག་ལག་སློབ་གྲ་ཆེན་མོ་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་མཁན་སྐུ་མགྲོན་ལ་གདན་འདྲེན་ཞུས་ཡོད་སྟབས། བོད་པའི་སློབ་མ་སྐལ་བཟང་ལགས་ཀྱིས་གྲོས་ཚོགས་ཀྱི་འཐུས་མི་ Warren མཆོག་གི་རྒྱབ་སྐྱོར་ཐོབ་རྒྱུར། ཁོང་གི་ལས་ཁུངས་ལ་ཞུ་གཏུག་དགོས་པའི་འབོད་སྐུལ་ཡང་གནང་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎