ཤིན་ཅང་བཙོན་ཁང་ནང་མི་༢༠༠ཙམ་མནར་གཅོད་འོག་བསད་པ།

ཤིན་ཅང་ནང་འཛིན་བཟུང་བྱས་པའི་ཁོངས་ནས་བཙོན་ཁང་ནང་མི་ཉིས་བརྒྱ་ཙམ་མནར་གཅོད་ཀྱི་འོག་རྐྱེན་ལམ་དུ་བཏང་ཡོད་པ་གསུངས་འདུག

2009.08.25

༄༅༎ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགོ་འཁྲིད་བཙན་བྱོལ་དུ་ཡོད་པ་ལྕམ་ར་སྦི་ཡ་ཀ་རྡིར་གྱིས་ཟླ་བ་སྔོན་མར་ཤིན་ཅང་ནང་དུས་ཟིང་བྱུང་རྗེས་འཛིན་བཟུང་བྱས་པའི་ཁོངས་ནས་བཙོན་ཁང་ནང་མི་ཉིས་བརྒྱ་ཙམ་མནར་གཅོད་ཀྱི་འོག་རྐྱེན་ལམ་དུ་བཏང་ཡོད་པ་གསུངས་འདུག

རྒྱ་ནག་གཞུང་དང་དགུང་གྲངས་དྲུག་ཅུ་རེ་གཉིས་ལ་ཕེབས་པ་ར་སྦི་ཡ་ཀ་རྡིར་དབར་གྱི་ཁ་རྩོད་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གཞུང་གིས་ར་སྦི་ཡ་ཀ་རྡིར་ཤིན་ཅང་ནང་དུས་ཟིང་སློང་མཁན་གྱི་བྱེད་ལྟེ་ཡིན་པའི་བསྙོན་འཛུགས་བྱེད་བཞིན་ཡོད་ཀྱང་ཁོང་གིས་དེར་ངོས་ལེན་རྩ་བ་ནས་གནང་གི་མེད་པ་རེད།

གཟའ་ཟླ་བའི་ཉིན་ལྕམ་ར་སྦི་ཡ་ཀ་རྡིར་གྱིས་ཁོང་ལ་ཉེ་ཆར་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནས་ཀར་གི་སི་ཐན་ནང་བྲོས་བྱོལ་དུ་སླེབས་པའི་ཉེན་རྟོག་མི་སྣ་ཞིག་གིས་ཨུ་རུམ་སྦེ་ཟེར་བ་ཨུ་རུམ་ཆིའི་ལྷོ་ཕྱོགས་སུ་ཡོད་པའི་བཙོན་ཁང་དེའི་ནང་དུས་ཟིང་རྗེས་འཛིན་བཟུང་བྱས་པའི་མི་བརྒ་དང་དགུ་བཅུ་གོ་དྲུག་ཉེས་བརྡུང་མནར་གཅོད་ཀྱི་འོག་རྐྱེན་ལམ་དུ་བཏང་པའི་སྐོར་གྱི་གནས་ཚུལ་ཞིག་མགྱོགས་འཕྲིན་ཐོག་འབྱོར་ཡོད་པ་ཨ་མི་རི་ཀའི་སི་སི་པེན་བརྙན་འཕྲིན་ལས་རིམ་ཞིག་གི་ཐོག་འགྲེལ་བརྗོད་གནང་ཡོད་པ་རེད།

འོན་ཀྱང་ལྕམ་ར་སྦི་ཡ་ཀ་རྡིར་གྱིས་ཤིན་ཅང་ནང་ཁ་པར་གྱི་བརྒྱུད་ལམ་ད་དུང་བཀག་ཡོད་སྟབས་གནས་ཚུལ་དེ་བདེན་པ་ཡིན་མིན་རྟོག་ཞིབ་བྱེད་ཐུབ་མེད་པ་ཞིག་ཡིན་པ་གསུངས་པ་དང་སྦྲགས་ཁོང་གིས་རྒྱ་ནག་གཞུང་གིས་ངས་གནས་ཚུལ་འདི་ཡོངས་ཁྱབ་འགྲེལ་བརྗོད་བྱེད་པ་ཤེས རྟོག་བྱུང་མ་ཐག་འདི་ནི་བདེན་པ་རྩ་བ་ནས་མིན་ལུགས་ལན་འདེབས་བྱ་རྒྱུ་ངེས་པ་ཡིན་པ་གསུངས་ཡོད་པ་ལྟར་གཟའ་མིག་དམར་ཉིན་ས་གནས་ཨུ་རུམ་ཆིའི་གཞུང་གི་འགོ་འཁྲིད་ཚོས་རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་གི་མདུན་ངོས་ཐོག་ར་སྦི་ཡ་ཀ་རྡིར་གྱིས་བཤད་པའི་སྐད་ཆ་དེ་དག་བདེན་པ་མིན་ལུགས་དང་ཨུ་རུམ་ཆིའི་མི་དམངས་འབྲིང་རིམ་ཁྲིམས་ཁང་ནས་དུས་ཟིང་ནང་མཉམ་ཞུགས་བྱེད་མཁན་གྱི་མི་ཉིས་བརྒྱ་སྐོར་ལ་ཁྲིམས་ཞིབ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ལུགས་བརྗོད་བཞིན་པའི་གནས་ཚུལ་ཞིག་བཀོད་ཡོད་པ་རེད།

འོན་ཀྱང་ར་སྦི་ཡ་ཀ་རྡིར་གྱིས་རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་ཐོག་ཁྲིམས་གཤེར་བྱ་རྒྱུའི་གནས་ཚུལ་བཀོད་པ་དེ་ནི་སླར་ཡང་འཛམ་བུ་གླིང་མགོ་བསྐོར་གཏོང་བའི་བྱ་ཐབས་ཤིག་ཡིན་པ་གསུངས་འདུག

ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཨུ་རུམ་ཆིའི་ནང་ཡུ་གུར་ཁ་ཆེའི་མི་རིགས་དང་རྒྱ་ཧན་མི་རིགས་དབར་འཁྲུག་རྩོད་དུས་ཟིང་བྱུང་སྟེ་མི་གྲངས་བརྒྱ་དང་དགུ་བཅུ་གོ་དགུ་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎