ཨ་མི་རི་ཀ་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྐོར།

ཨ་མི་རི་ཀའི་དཔལ་འབྱོར་བློན་ཆེན་སྐུ་ཚབ་ཀྲི་མ་ཐི་གའེ་ཐེ་ནར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་འབྱོར་བྱུང་ཡོད་པའི་སྐོར།

2009.05.31

༄༅༎ཨ་མི་རི་ཀའི་དཔལ་འབྱོར་བློན་ཆེན་སྐུ་ཚབ་ཀྲི་མ་ཐི་གའེ་ཐེ་ནར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་འབྱོར་བྱུང་ཡོད་པའི་སྐོར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ལས་ཁང་གིས་གནས་ཚུལ་སྤེལ་བཞག

ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་གི་གཞུང་འཛིན་གསར་པའི་དུས་སྐབས་དེའི་ནང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ཉེ་རུ་གཏོང་རྒྱུའི་རེ་བའི་ཁ་ཕྱོགས་དེའི་ཐོག་ནས་ད་རེས་ཨ་རིའི་དཔལ་འབྱོར་བློན་ཆེན་སྐུ་ཞབས་གའེ་ཐེ་ནར་རྒྱ་ནག་ཏུ་འཚམས་དའྲིར་ཕེབས་པ་དང་དེ་ནི་ཁོང་གིས་ཁ་སྔོན་ཕྱི་ཟླ་དང་པོའི་ནང་དཔལ་འབྱོར་བློན་ཆེན་གྱི་ཐུགས་འགན་བཞེས་པ་ནས་ད་བར་འདས་པའི་ཟླ་བ་ལྔའི་ནང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་མ་ཟད་ཁ་སྔོན་ཕྱི་ཟླ་བཞི་པའི་ནང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ཐེངས་དང་པོ་མཇལ་འཕྲད་གནང་སྟེ་དུས་རབས་ཉི་ཤུ་རྩ་གཅིག་དེའི་ནང་ཕྱོགས་གཉིས་བར་གྱི་བཟང་ཕྱོགས་ཀྱི་མཉམ་ལས་གནང་རྒྱུ་དང་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་ཁས་ལེན་གནང་བའི་རྗེས་ཨ་མི་རི་ཀའི་བློན་ཆེན་གྱི་གོ་གནས་ཡོད་པ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་ཡང་ཐེངས་དང་པོ་ཡིན་ཞིང་དེ་སྔ་ཕྱི་ལོ་༡༩༨༠རྒྱ་གྲངས་ནང་པེ་ཅིང་མཐོ་རིམ་སློབ་གྲྭའི་ནང་རྒྱ་ཡིག་སློབ་སྦྱོང་གནང་བ་ཕེབས་མྱོང་ཡོད་པའི་རྒྱ་ནག་ཐད་ཐུགས་རྒྱུད་ཡོད་པ་ཞིག་ཀྱང་ཡིན་པ་རེད། རྒྱ་ནག་གི་གནས་ཚུལ་འབྱུང་ཁུངས་ཤིག་གིས་བཤད་ན་སྐུ་ཞབས་གའེ་ཐེ་ནར་གྱི་འཚམས་འདྲི་དེ་ནི་འདི་ལོའི་དབྱར་དུས་སུ་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཨ་རི་དང་རྒྱ་ནག་གི་ཐབས་ཇུས་དང་དཔལ་འབྱོར་གྱི་གྲོས་མོལ་ཐེངས་དང་པོའི་འཆར་གཞི་འདིང་བར་ཕེབས་པ་ཞིག་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཅིང་ཨ་རིའི་དཔལ་འབྱོར་ལྷན་ཁང་གི་གསལ་བསྒྲགས་ནང་སྐུ་ཞབས་གའེ་ཐེ་ནར་མཆོག་ཐེངས་འདིའི་འཚམས་འདྲིའི་རིང་ལ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ལྦེན་ཅ་པའོ།སྲིད་བློན་གཞོན་པ་བཅས་དང་མཇལ་འཕྲད་གནང་སྟེ་ཨ་རི་དང་རྒྱ་ནག་བར་གྱི་དཔལ་འབྱོར་འབྲེལ་ལམ་ཐབས་ཤེས་གང་འདྲའི་ཐོག་ནས་ཡར་རྒྱས་དང་སྲ་བརྟན་གོང་འཕེལ་གཏང་ཕྱོགས་དང་ལྷག་པར་དུ་དཔལ་འབྱོར་གོང་འཕེལ་ཆ་སྙོམས་དང་ཡུན་རིང་གནས་ཐབས་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎