ཨ་མི་རི་ཀས་ཡེ་མེན་ནང་ཨ་རིའི་གཞུང་ཚབ་དེ་སྒོ་རྒྱབ་ཡོད་འདུག
2010.01.03
༄༅༎ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ལྔའི་ཉིན་ཨལ་ཁེ་ཏ་དྲག་སྤྱོད་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་མི་སྣ་ཞིག་གིས་ཨ་རིའི་གནམ་ཞིག་བར་སྣང་ལ་གཏོར་རྒོལ་བྱེད་ཐབས་རྗེས་པའི་རྗེས་སུ་ཡེ་མེན་དང་ཨལ་ཁེ་ཏའི་བྱ་སྤྱོད་འཕེལ་བཞིན་པའི་ཉེན་ཁ་མ་བཟོད་པའི་རྣམ་པར་རེས་གཟའ་ཉི་མའི་ཉིན་ཡུལ་དེའི་རྒྱལ་ས་ས་ཎ་ལ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་རྒྱབ་ཡོད་ལུགས་བྭི་བྭི་སི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག གཞུང་ཚབ་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་ཡེ་མེན་ནང་ཡོད་པའི་ཨ་མི་རི་ཀའི་མི་སེར་རྣམས་སོ་སོའི་སྲུང་སྐྱོབ་ཆེད་དོ་སྣང་དང་འགྲོ་མཁས་སྡོད་མཁས་དགོས་པའི་ལམ་སྟོན་གནང་འདུག གཞུང་ཚབ་དངོས་སུ་སྒོ་མ་རྒྱབ་གོང་ཨ་རིའི་དམག་སྤྱི་ཌེ་ལྦི་ཌི་ཌི་པེཊེ་ར་སེ་ཡེ་མེན་ནང་བསྐྱོད་དེ་ཡུལ་དེའི་མཛད་གཙོ་རྣམས་མཇལ་འཕྲད་ཀྱིས་གཞུང་གཉིས་ཐོུང་གིས་ཨལ་ཁེ་ཏ་དྲག་སྤྱོད་གྱི་ཉེ་ན་ཁར་གདོང་ལེན་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག་ ཨ་རིས་སྔ་ལོ་ཡེ་མན་ལ་འཇིགས་སྐུལ་དྲག་སྤྱོད་པ་གདོང་ལེན་གནང་རྒྱུའི་ལས་དོན་ཆེད་ཨ་རིའི་ཌོ་ལར་ས་ཡ་༦༧གནང་བ་དེ་འདི་ལོ་ཉིས་ལྡབ་བཟོ་རྒྱུའི་ཁས་ལེན་གནང་ཡོད་འདུག ཡེ་མེན་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པ་མ་ཟད་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་དགུ་པའི་ཨ་རིའི་གཞུང་ཚབ་ཁང་ལ་དྲག་རྒོལ་གྱིས་ཨ་རིའི་མི་སེར་གཅིག་དང་དེ་མིན་ཡུལ་མི་བཅོ་བརྒྱད་ཀྱི་ཚེ་སྲོག་ཤོར་བ་རེད་ ཨ་རིའི་གཞུང་གིས་འདི་ལོ་ཁིརེསེ་མིསེ་ཉིན་མོ་ཨ་རིའི་མཁའ་ལམ་འགྲིམ་འགྲུལ་ཞིག་ནང་འབར་རྫས་གཏོར་ཐབས་བྱེད་མཁན་ཨུ་མར་ཕ་རུཁ་ཨབ་རྡུལ་མུ་ཏ་ལབ་ཡེ་མེན་ནང་རྟེན་གཞི་བྱས་པའི་ཨལ་ཁེ་ཏ་དྲག་སྤྱོད་སྒྲིག་འཛུགས་དང་དངོས་སུ་ལག་འདྲེས་ཡོད་པ་ངོས་འཛིན་བྱེད་བཞིན་པ་རེད༎