ཨ་རིའི་སྲིད་འཛིན་འོས་མིས་རྒྱ་སྒོར་འཛའ་ཐང་སྐོར་གླེང་བ།

རྒྱ་མིའི་སྒོར་ཡོན་གྱི་འཛའ་ཐང་དམའ་པོ་འཇོག་བཞིན་པའི་སྲིད་བྱུས་ལ་བཅོས་བསྒྱུར་གཏོང་དགོས་པ་བཟོ་གི་ཡིན་ཞེས་ཨོ་སྦ་མས་གསུངས་འདུག

2008.09.15

༄༅༎ཨ་མི་རི་ཀའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་ སྦ་རག་ཨོ་སྦ་མ་ ཡིས་ ཁོང་སྲིད་འཛིན་ལ་འོས་ཐོན་བྱུང་བ་ཡིན་ན་ རྒྱ་ནག་གཞུང་གིས་རྒྱ་སྒོར་ཡོན་གྱི་འཛའ་ཐང་ལ་ཁྲོམ་རའི་འགྲོ་ལུགས་དང་མི་བསྟུན་པར་ བཏང་འཛིན་བྱས་ཏེ་ རང་བཞིན་འཛའ་ཐང་དམའ་པོ་འཇོག་བཞིན་པའི་སྲིད་བྱུས་ལ་བཅོས་བསྒྱུར་གཏོང་དགོས་པ་བཟོ་གི་ཡིན་ཞེས་གསུངས་ཡོད་པ་རེད་ དེ་ནི་ཁོང་གིས་ རྒྱ་ནག་དང་ཨ་རིའི་དབར་ཚོང་འབྲེལ་དངུལ་བབས་ཁ་གསབ་ལ་རྒྱ་ནག་ཕྱོགས་ལ་ཁེ་ཕན་ཆེ་བ་ཡོད་པའི་ཁྱད་པར་ཆེན་པོ་ཤོར་བཞིན་པའི་སྐྱོན་ཆ་ཆ་ཚང་རྒྱ་ནག་གཞུང་གིས་ཡོན་གྱི་འཛའ་ཐང་ལ་བཏང་འཛིན་བྱེད་པའི་རང་བཞིན་དེ་ནས་ཡོང་གི་ཡོད་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད་

ཨ་རིའི་སྤྱི་འཐུས་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཇོན་མེ་ཀེན་གྱིས་ དངུལ་གྱི་འཛའ་ཐང་ལ་བཏང་འཛིན་བྱེད་པའི་གནད་དོན་ལ་ལེགས་བཅོས་དགོས་པ་དང་ཕྱོགས་མཚུངས་ རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོང་འབྲེལ་ཁྲིམས་ལུགས་ལ་བརྩི་བཀུར་དང་ལེན་གྱིས་ རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་རྣམ་སྤྱོད་ཀྱི་བཟོས་པའི་དངོས་ཟོག་ཁག་རྒྱ་ནག་ནང་རྫུན་བཟོ་ཤུགས་ཆེ་བྱེད་བཞིན་པ་ཁག་ཀྱང་བཀག་སྡོམ་གྱིས་ རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་བྱ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད་ དེ་ནི་རྒྱ་ནག་ནང་ཚོང་འབྲེལ་བྱེད་པའི་ཨ་མི་རི་ཀའི་ཚོང་འབྲེལ་མཐུན་ཚོགས་ཀྱིས་ སྲིད་འཛིན་འོས་མི་གཉིས་ལ་རྒྱ་ནག་གི་ལྷན་ཚོང་འབྲེལ་གནང་ཕྱོགས་ཀྱི་སྲིད་བྱུས་ཇི་འཛིན་གྱི་བཞེངས་ཕྱོགས་ལ་དགོངས་ཚུལ་བཅའ་འདྲི་ཞུས་པའི་བཀའ་ལན་དུ་སོ་སོའི་དགོངས་ཚུལ་གསལ་སྟོན་གནང་བ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎