ཨ་རིའི་སྲིད་འཛིན་ཨབ་ག་ནི་སི་ཐན་དུ་འཚམས་གཟིགས།
2010.03.29
༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གསང་བ་དང་སྲུང་བྱ་ཧ་ཅང་དམ་པོའི་འོག་མཚན་མོ་ཨབ་ག་ནི་སི་ཐན་ནང་འཚམས་གཟིགས་སུ་ཕེབས་ཡོད་པ་དང་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨབ་ག་ནི་སི་ཐན་ནང་དུས་ཡུན་ཚོུད་དྲུག་ཙམ་རིང་འཚམས་གཟིགས་གནང་རིང་ ཨབ་ག་ན་སི་ཐན་གྱི་སྲིད་འཛིན་སོགས་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་ཡོད་ཅིང་ཨ་རིའི་སྲིད་འཛིན་མཆོག་ནས་ཨབ་ག་ན་སི་ཐན་གྱི་སྲིད་འཛིན་ཧ་མིརྡ་ཀར་ཛའེ་མཆོག་དང་མཇལ་འཕྲད་གནང་བའི་སྐབས་ཨབ་ག་ན་སི་ཐན་ནང་ཉེ་བའི་ཟླ་ཤས་རིང་འཇིགས་སྐུལ་དྲག་སྤྱོད་པར་གཏོར་རྒོལ་གྱི་དམག་དོན་ལས་དོན་ལ་རྒྱལ་ཁབ་ཐོབ་པར་བསྔགས་བརྗོད་དང་འབྲེལ་དམག་དོན་མིན་པའི་ལས་དོན་ཁག་གི་ཐོག་ལ་ཡང་དེ་ལྟར་གྱི་གྲུབ་འབྲས་ཐོན་རྒྱུའི་ཐུགས་རེ་གནང་གི་ཡོད་པ་གསུངས་ནས་གཙོ་བོ་ཨབ་ག་ན་སི་ཐན་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་གདོང་ལེན་གྱིས་སྲིད་གཞུང་གི་དཔལ་འབྱོར་འགྲོ་གྲོན་རྩིས་ཁྲ་ཕྱི་གསལ་ནང་གསལ་ཡོང་རྒྱུའི་སྐུལ་མ་གནང་ཡོད་པ་རེད་ གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན་ད་རེས་ཨ་རིའི་སྲིད་འཛིན་ཨབ་ག་ན་སི་ཐན་ནང་ཕེབས་ཏེ་ཨབ་ག་ན་སི་ཐན་གྱི་སྲིད་འཛིན་མཆོག་ནས་ ཡུལ་དེའི་སྲིད་གཞུང་ནང་དཔལ་འབྱོར་ལྐོག་ཟའི་གནས་ཚུལ་ཧ་ཅང་ཚབས་ཆེ་ཡོད་པ་དེ་དག་སེལ་ཐབས་ཀྱི་ལས་དོན་དེ་བས་ཤུགས་ཆེ་རུ་གཏོང་དགོས་པའི་ལས་འགན་གནང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་། ཨ་རིའི་སྲིད་འཛིན་མཆོག་ད་རེས་ཨབ་ག་ན་སི་ཐན་ནང་ཕེབས་པའི་རིང་ཨབ་ག་ན་སི་ཐན་ནང་ཡོད་པའི་ཨ་རིའི་དམག་དཔུང་རྟེན་གཞིར་གཟིགས་ཞིབ་ཏུ་ཕེབས་ཡོད་ཅིང་ཁོང་གིས་ཨ་རིའི་དམག་མི་ཚོས་དམག་གིས་དཀའ་སྡུག་འོག་ཞི་བའི་འཚོ་བ་གསར་པ་ཞིག་བྱུང་བའི་ཨབ་ག་ན་སི་ཐན་གྱི་མི་མང་ཚོའི་རང་དབང་ཆེད་ཨ་རིའི་དམག་མི་ཚོས་ལེགས་སྐྱེས་འབུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་ཨ་རི་ནི་ཨབ་ག་ན་སི་ཐན་གྱི་གྲོགས་པོ་ཞིག་ཡིན་པ་དང་ད་ཆ་ཨབ་ག་ན་སི་ཐན་གྱི་མི་མང་ཚོས་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཐུབ་ཐབས་གནང་གལ་ཆེ་བ་ནན་བརྗོད་གནང་འདུག