ཨ་རིའི་གྲོས་ཚོགས་འཐུས་མིས་སྲིད་འཛིན་ལ་འབོད་སྐུལ།

ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་མཆོག་ལ་ཨོ་ལིམ་པིག་རྩེད་འགྲན་སྐབས་ཕེབས་རྒྱུ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་འདུག

2008.07.02

༄༅༎ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་མཆོག་ལ་ཨོ་ལིམ་པིག་རྩེད་འགྲན་སྐབས་ཕེབས་རྒྱུ་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་ཞུས་འདུག

འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་ནས་འདོན་སྤེལ་བྱེད་པའི་ལྦ་ཤིང་ཀྲོན་ ཀྲ་ཡེམ་སེ་ཞེས་པའི་གསར་ཤོག་ནང་དེ་རིང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཕེརེང་ལྦུལཕ་མཆོག་དང༌། སྐུ་ཞབས་ཀི་རི་སི་ཀྲོ་ཕར་སི་མིཐ་རྣམ་གཉིས་བདུན་ཕྲག་སྔོན་མ་རྒྱ་ནག་ཏུ་ཕེབས་པའི་སྐབས་སྔོན་ཚུད་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་འཐབ་རྩོད་གནང་མཁན་ཁྲིམས་རྩོད་པ་གསུམ་དང༌མཇལ་འཕྲད་གནང་རྒྱུ་གཏན་འཁེལ་ཡོད་ཀྱང་སྐབས་མཚམས་སུ་ཁོང་ཚོར་ཡང་ན་འཛིན་བཟུང་དང༌། ཡང་ན་བཟང་བཙོན་དུ་བཞག་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་བར་བརྟེན་མཇལ་འཕྲད་གནང་ཐུབ་མེད་ལུགས་དང་། དེ་བཞིན་དེའི་གོང་མཇལ་འཕྲད་གནང་བའི་ཡེ་ཤུའི་ཆོས་དཔོན་ཀྲང་ མིང་ཤོན་ཞེས་པ་དེ་ཡང་བཟང་བཙོན་ལྟབུར་བཞག་ཡོད་པའི་སྐོར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་རི་སི་ཀྲོ་ཕར་ སི་མིཐ་མཆོག་ནས་གསར་འགོད་པར་འགྲེལ་བརྗོད་གནང་འདུག། ཡང་གྲོས་ཚོགས་འཐུས་མི་སྐུ་ཞབས་ལྦུལཕ་མཆོག་ནས། ངའི་བསམ་པར་གལ་སྲིད་བདུན་ཕྲག་འགའ་ཤས་ནང་ཚུད་དོ་དམ་བྱས་པའི་གོང་ཞུས་མི་སྣ་དེ་དག་གློད་བཀྲོལ་མ་གནང་བ་དང༌། གནས་སྟངས་ཡར་རྒྱས་མ་བཏང་བ་ཡིན་ན་སྲིད་འཛིན་མཆོག་དང༌། ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་སྐབས་རྒྱ་ནག་ཏུ་མ་ཕེབས་ན་ཡག་གི་རེད་ཅེས་གསུངས་འདུག།

དེ་དང་ཕྱོགས་མཚུངས་སྐུ་ཞབས་སི་མིཐ་མཆོག་གིས། རྒྱ་ནག་གཞུང་ནས་བརྟན་ལྷིང་གི་སྤྱི་ཚོགས་ཞེས་འབོད་ཚིག་སྒྲོགས་ཀྱི་ཡོད་ཀྱང་བློ་ཕམ་འོས་པ་ཞིག་ལ་ཨོ་ལིམ་པིག་རྩེད་འགྲན་གོང༌། དོན་དངོས་སུ་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དང༌། ཆོས་ཉམས་ལེན་བྱེད་ཕྱོགས། གསར་འགྱུར་བརྒྱུད་ལམ་སོགས་ལ་དམ་བསྒྲགས་མུ་མཐུད་ལག་བསྟར་བྱེད་མུས་ཡིན་པ་ལས་འགྱུར་བ་གང་ཡང་ཕྱིན་མི་འདུག་ཅེས་གསུངས་འདུག།

འོན་ཀྱང་ཁ་ས་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་༸གོང་ཞུས་གནད་དོན་སྐོར་བཅར་འདྲི་དང་ལེན་བྱས་པའི་སྐབས། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ནི་ཨ་རིའི་གཞུང་ཚབ་ཀྱི་ལས་དོན་ཆེད་ཕེབས་པ་ཞིག་ཡིན་ཙང་དེ་ལས་འགལ་བའི་གནད་དོན་ཐོག་ལས་དོན་སྤེལ་བ་ནི་མ་འགྲིགས་པ་རེད་ཅེས་ལན་འདེབས་བྱས་འདུག། ད་ལྟའི་ཆར་སྲིད་འཛིན་མཆོག་ཕེབས་རྒྱུའི་སྐོར་དམིགས་བསལ་འདི་བྱས་གསལ་བསྒྲགས་གང་ཡང་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎