རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་བའི་སྐུལ་དེད།

རྒྱ་ནག་ནང་ཨ་མེ་རི་ཀའི་གཞུང་ཚབ་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟུང་དུ་གཏོང་དགོས་པའི་སྐུལ་དེད་ཞུས་འདུག

2011.12.11

༄༅༎རྒྱ་ནག་ནང་ཨ་མེ་རི་ཀའི་གཞུང་ཚབ་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟུང་དུ་གཏོང་དགོས་པའི་སྐུལ་དེད་ཞུས་གནང་འདུག
འདི་ཚེས་བཅུ་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་སྲུང་བརྩིའི་ཉིན་ཨ་མེ་རི་ཀའི་གཞུང་ཚབ་ གེརི་ལོཀ་ གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་དགོས་པོའི་སྐུལ་དེད་གནང་བ་དང་སྦྲགས་སྔ་ལོའི་ནོ་བྭེལ་ཞི་བདེ་ཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་བཙོན་འཇུག་བྱས་པ་དེ་དཔེ་ཚོན་དུ་གྲངས་ཡོད་ལུགས་ཨེ་པི་གསར་ལས་ཁང་གིས་བྭེ་ཅིང་ནས་གནས་ཚུལ་སྤེལ་འདུག ཡིག་ཐོག་འགྲེམས་སྤེལ་གནང་བའི་གཏམ་བཤད་དེའི་ནང་ཨ་རིའི་གཞུང་ཚབ་ཀྱིས་རྒྱ་ནག་གིས་དཔལ་འབྱོར་གནས་སྟངས་ཇི་བཟང་དུ་ཕྱིན་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་ཕྱིན་མེད་པ་དང་།ལིའུ་ཞའོ་པོ་ནང་མི་གཉིས་དང་དམ་བསྒྲགས་བྱེད་སྟངས། ཁྲིམས་ཞིབ་པ་  ཁྲན་ཀུང་ཁྲེང་ཁྲིམས་འགལ་བཀག་ཉར་དང་བོད་མི་དང་། ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་དེས་ རྒྱ་ནག་དང་འགྲོ་བ་མིའི་གནས་སྟངས་བཟང་དུ་འགྲོ་གི་མེད་པ་ཐེར་བཏོང་གནང་ཡོད་འདུག  རྒྱ་ནག་གཞུང་གིས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་གནས་སྔངས་ཇེ་བཟང་དུ་ཕྱིན་ལུགས་བརྗོད་དེ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་བརྗོད་བཞིན་པ་རེད།  ཨ་མི་རིའི་གྲོས་ཚོགས་ཀྱི་འཐུས་མི་ ཕེརེངྒ་ འུལྥ་དང་ཁིརིསེ་ སི་མིཏ་རྣམ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་བྭ་མྭ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་ནགི་དབུ་ཁྲིད་ཚོར་གནོན་ཤུགས་སྤྲོད་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད་འདུག། བཙན་བྱོལ་བོད་མི་སྒྲིགས་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟུང་སེངྒེ་མཆོག་གིས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐང་སྲུང་བརྩི་དང་ཆབ་སྲིད་ཀྱི་བཙོན་པ་གློད་འགྲོལ་དགོས་པའི་སྐུལ་དེད་ཞུས་གནང་ཡོད་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎