ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་རྒྱལ་སྟོན་ལ་འཚམས་འདྲི་གནང་བ།

ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ལ་འཚམས་འདྲི་ཞུས་འདུག

2009.10.01

༄༅༎རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དམངས་གཙོ་དོན་གཉེར་ཅན་བཙོན་འཇུག་བྱས་པ་གློད་འགྲོལ་མ་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བ་དང་སྦྲགས་འཕྲལ་དུ་གློད་འགྲོལ་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊེན་མཆོག་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་འཚམས་འཕྲིན་ཞིག་བཏང་གནང་བ་དང་དེའི་ནང་དུ་མི་ལོ་དྲུག་བཅུ་འཁོར་བའི་རྒྱལ་སྟོན་དུས་ཆེན་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད་ཅེས་དང་ད་དུང་འདི་ལོ་ཉིས་སྟོང་དགུ་ནི་དེ་སྔ་ཕྱི་ལོ་༡༩༧༩ལོར་ཨ་མི་རི་ཀས་རྒྱ་ནག་རྒྱལ་ཁབ་ཅིག་ཡིན་པ་གཞུང་འབྲེལ་གྱིས་ངོས་འཛིན་བྱས་ཏེ་མི་ལོ་སུམ་ཅུ་འཁོར་བའི་དུས་དྲན་འཁེལ་བའི་དུས་ཚིགས་ཀྱང་དྲན་གསོ་གནང་སྟེ་འདས་པའི་མི་ལོ་སུམ་ཅུའི་ལོ་རྒྱུས་ནང་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་བཅོས་བསྒྱུར་ཆེན་པོའི་ཕྱོགས་སུ་མདུན་བསྐྱོད་བཞིན་ཡོད་པ་དང་མི་མངས་ས་ཡ་མང་པོར་དབུལ་ཕོངས་ཀྱི་གནས་ལ་གྲོལ་བའི་གནས་སྟངས་དེ་ནི་དངོས་ཡོད་ཀྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཤིག་རེད་ཅེས་དང་ད་དུང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་ཡི་གཞུང་ཕྱོགས་ནས་རྒྱ་ནག་ལྷན་དུ་འབྲེལ་ལམ་བཟང་ཕྱོགས་ཀྱི་མཉམ་ལས་དང་གཞི་རྒྱ་ཆེ་བའི་འབྲེལ་ལམ་ཡོང་ཐབས་འབད་བརྩོན་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད། ཡིན་ནའང་ཨ་རིའི་གྲོས་ཚོགས་ཐོག་སྤྱི་མོས་ཀྱི་གྲོས་ཆོད་བཞག་ཏེ་རྒྱ་ནག་དམངས་གཙོའི་ཕྱོགས་སུ་བཅོས་བསྒྱུར་ཡོང་ཐབས་ཀྱི་ཆེད་དུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆ་རྩོམ་བྲིས་གནང་མཁན་ལིའུ་ཞའོ་པོ་འཛིན་བཟུང་བྱས་པ་རྒྱ་ནག་གཞུང་གིས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་མ་ཟད་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀི་རི་སི་ཊོ་ཕར་སི་མིཐ་ཡིས་སྲིད་འཛིན་ཨོ་སྦ་མ་ཡི་གཞུང་ཕྱོགས་ནས་རྒྱ་ནག་གཞུང་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་གཏོང་འོས་པ་གཟིགས་ཀྱི་མེད་ཅིང་རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་དང་ཡུ་གུར་གྲངས་ཉུང་མི་རིགས་དང་རྒྱ་ནག་གི་དམངས་གཙོ་ལས་འགུལ་སྤེལ་མཁན། ཕ་ལུང་ཀུང་ཉམས་ལེན་བྱེད་མཁན་ཐོག་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་བྱ་སྤྱོད་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎