འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ།

བོད་དང་ཤར་ཏུར་ཀི་སི་ཐན་ནང་འཛིན་བཟུང་བྱས་པའི་མི་སྣ་ཚོར་རྒྱ་ནག་གཞུང་གིས་བཟང་སྤྱོད་ཀྱི་ཐོག་ནས་ཁྲིམས་གཅོད་བྱེད་དགོས།

2009.08.29

༄༅༎བོད་དང་ཤར་ཏུར་ཀི་སི་ཐན་ནང་ངོ་རྒོལ་གྱེན་ལངས་ཀྱི་དོན་རྐྱེན་བྱུང་བའི་སྐབས་འཛིན་བཟུང་བྱས་པའི་མི་སྣ་ཚོར་རྒྱ་ནག་གཞུང་གིས་བཟང་སྤྱོད་ཀྱི་ཐོག་ནས་ཁྲིམས་གཅོད་བྱེད་དགོས་སྐོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱད་རྩ་མེད་བཟོ་ཐབས་གནང་མཁན་གྱི་ཚོགས་ཆུང་གིས་འབོད་སྐུལ་གནང་ཡོད་འདུག

དེ་ཡང་སྔ་ལོ་བོད་དང་འདི་ལོ་ཤར་ཏུར་ཀི་སི་ཐན་ནང་སྔ་རྗེས་སུ་ས་གནས་ཡུལ་མིས་ངོ་རྒོལ་སྒེར་ལངས་བྱས་པའི་གནས་ཚུལ་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་མངའ་ཁུལ་དེ་ཚོའི་ནང་དམག་དཔུང་བསྣོན་མ་འགྲེམ་གཏོང་གིས་དྲག་གནོན་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ས་གནས་ཡུལ་མི་མང་པོའི་ཚེ་སྲོག་ཤོར་བ་དང་དེ་བཞིན་མི་གྲངས་ཆེས་མང་པོར་བཙོན་འཇུག་གི་ཁྲིམས་གཅོད་བྱས་ཡོད་པར་གནད་དོན་འདིའི་ཐད་འདི་ཚེས་བདུན་ནས་བཅུ་བར་སུད་ཛ་ལེན་ཌིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་མེད་བཟོ་ཐབས་གནང་མཁན་གྱི་ཚོགས་ཆུང་གིས་ཉན་ཞིབ་ཞིག་གནང་སྟེ་ཉན་ཞིབ་དེའི་སྐབས་གསལ་ཐོན་བྱུང་བའི་གནས་ཚུལ་ཁག་ལ་ཞིབ་འཇུག་གནང་བའི་མཇུག་སྡོམ་གྱི་སྙན་ཐོ་དེ་འདི་ཚེས་ཉི་ཤུ་བརྒྱད་ཉིན་འགྲེམ་སྤེལ་གནང་བའི་ནང་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་ཡིན་པར་དོགས་གཞི་བྱས་པའི་མི་ཚོའི་ཐོག་རྒྱ་ནག་གཞུང་གིས་ཚད་ལས་བརྒལ་བའི་དྲག་ཤུགས་བེད་སྤྱོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་པ་ནི་བློ་འཚབ་སྐྱེ་གཞི་ཞིག་ཡིན་པའི་འགྲེལ་བརྗོད་གནང་བ་དང་སྦྲགས་འཛིན་བཟུང་བྱས་པའི་མི་ཚོར་སོ་སོའི་འདོད་མོས་ཡོད་པའི་ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་སྤྲོད་དགོས་པ་མ་ཟད་གནས་ཚུལ་འདི་རིགས་དྲག་ཤུགས་ཁོ་ནའི་ཐོག་ནས་གནོན་ཐབས་མ་བྱས་པར་དེ་དག་གི་འབྱུང་རྐྱེན་ལྟེ་བ་ག་རེ་ཡིན་མིན་ཐད་རྒྱ་ནག་གཞུང་གིས་ངེས་པར་དུ་བསམ་ཞིབ་བྱེད་དགོས་པའི་རེ་སྐུལ་ཞུ་གི་ཡོད་ཅེས་བཀོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎