རྒྱལ་ཚོགས་ཀྱི་དྲུང་ཆེས་རྒྱ་ནག་ལ་སྐྱོན་བརྗོད་མི་བྱེད་པའི་དོན།

རྒྱལ་ཚོགས་ཀྱི་དྲུང་ཆེས་ཉེ་ཆར་རྒྱ་ནག་ནང་ཤེས་ལྡན་མི་སྣ་མང་པོ་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་ཐོག་སྐྱོན་བརྗོད་གནང་མེད་པ་རེད།

2011.04.18

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིས་དེང་སྐབས་ཨ་རབ་ཡུལ་ནང་གི་གནས་སྟངས་སོགས་ཀྱི་སྐོར་ལ་བཀའ་མོལ་མང་པོ་གནང་ཡོད་ཀྱང་ ཉེ་བའི་ཆར་རྒྱ་ནག་ནང་དམངས་གཙོ་དོན་གཉེར་བ་དང་ ཤེས་ལྡན་མི་སྣ་མང་པོ་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་ཐོག་སྐྱོན་བརྗོད་ཀྱི་བཀའ་མོལ་གང་ཡང་གནང་གི་མེད་པ་ཕ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག གནས་ཚུལ་དེའི་ནང་མུ་མཐུད་བཀོད་པར་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་གྱིས་རྒྱ་ནག་གཞུང་དུ་དམངས་གཙོ་དོན་གཉེར་བ་དང་ ཤེས་ལྡན་མི་སྣ་མང་པོ་ཞིག་ཉེ་དུས་འཛིན་བཟུང་བཀག་སྡོམ་བྱེད་བཞིན་པའི་གནད་དོན་ཐོག་སྐྱོན་བརྗོད་གནང་གི་མེད་པའི་རྒྱུ་མཚན་ནི་ ཁོང་གིས་མུ་མཐུད་མ་འོངས་ལོ་ལྔའི་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ཐུགས་འགན་བཞེས་འདོད་ཡོད་པའི་རྣམ་འགྱུར་བཏོན་ཡོད་པ་དང་ དེ་ལྟར་གནང་ཐུབ་རྒྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་བཞུགས་ཡུལ་གྲུ་ལྔ་པོས་མོས་མཐུན་དགོས་ཀྱི་ཡོད་པར་བརྟེན་ ཚོགས་བཞུགས་ཡུལ་གྲུ་ལྔ་པོའི་ནང་དབྱིན་ཇི་དང་ ཕ་རན་སི་ ར་ཤི་ཡ་ ཨ་རི་ རྒྱ་ནག་བཅས་ཡིན་ཞིང་ དེར་བརྟེན་རྒྱ་ནག་གི་རྒྱབ་སྐྱོར་ཐོབ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་སྟབས་ རྒྱ་ནག་ནང་དེང་སྐབས་གཞུང་ཕྱོགས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་གི་མེད་པ་འཁོད་འདུག རྒྱ་ནག་གཞུང་གིས་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་འཛིན་བཟུང་དང་ དེ་མིན་དམངས་གཙོ་དོན་གཉེར་བ་དང་ཤེས་ལྡན་མི་སྣ་མང་པོ་འཛིན་བཟུང་དོ་དམ་བྱེད་བཞིན་པའི་གནད་དོན་ཐོག་ཨ་རི་དང་ཡོ་རོབ་མཐུན་ཕྱོགས་ཡུལ་གྲུ་སོགས་འཛམ་གླིང་ཡུལ་གྲུ་མང་པོས་སེམས་འཚབ་ཡོད་པའི་རྣམ་འགྱུར་དང་འབྲེལ་རྒྱ་ནག་གཞུང་གིས་ཁོང་ཚོ་གློད་བཀྲོལ་དགོས་པའི་སྐུལ་མ་ཡང་གནང་ཡོད་པར་བརྟེན་ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་གནོན་ཤུགས་ལ་མ་ལྟོས་པར་གནད་དོན་དེའི་ཐོག་རང་ཕྱོགས་ཀྱི་རྣམ་འགྱུར་བཏོན་དགོས་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་འབོད་སྐུལ་གནང་གི་ཡོད་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎