བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་བོད་མི་བཅོ་ལྔ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ།


2019.10.11
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་བོད་མི་བཅོ་ལྔ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་༡༥རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་རྒྱ་གར་ནང་གཟིགས་སྐོར་ཕེབས་སའི་ཅན་ནའེ་( Chennai) གྲོང་ཁྱེར་གྱི་གནམ་ཐང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་གཙོས་པའི་ཚོགས་མི་དྲུག་གིས་གནམ་ཐང་གི་ཕྱི་དང་།ཚོགས་མི་གཞན་དྲུག་གིས་སྲིད་འཛིན་བསྡད་སའི་མགྲོན་ཁང་གི་འགྲམ་དུ་ངོ་རྒོལ་བྱས་པར་བརྟེན།རྒྱ་གར་ཉེན་རྟོག་པས་འཕྲལ་དུ་འཛིན་བཟུང་བྱས་ཡོད་པ་མ་ཟད།ལྡི་ལི་ནས་ཡོང་བའི་ཚོགས་མི་གཞན་གསུམ་ཡང་གནམ་ཐང་ནང་འཛིན་བཟུང་བྱས་ཡོད་པ་དབུས་བོད་ཀྱི་གཞོན་ནུའི་དྲུང་ཆེ་བསོད་ནམས་ཚེ་རིང་གིས་ཨེ་ཤེ་རང་དབང་རླུང་འཕྲིན་ལ་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ལ།བོད་ནང་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་དང་༧གོང་ས་མཆོག་གི་ཡང་སྲིད་ཐོག་རྒྱ་ནག་གིས་ཐེ་བྱུས་བྱས་མི་ཆོག་པའི་དགོས་འདུན་བཏོན་པ་དང་ཆབས་ཅིག རྒྱ་གར་སྲིད་བློན་མཆོག་ནས་གཞོན་ལྷན་གྱི་ཚོགས་མི་འཛིན་བཟུང་བྱས་པ་ཚོ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཀྱང་གནང་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་རྒྱ་གར་ལྷོ་ཕྱོགས་སུ་གཟིགས་སྐོར་དུ་ཕེབས་ཡོད་པའི་སྐབས་འདིར།རྒྱ་གར་གཞུང་གིས་དེ་ཁུལ་གྱི་བོད་མི་སློབ་ཕྲུག་ཚོར་དམ་དྲག་ཆེན་པོ་གནང་གི་ཡོད་སྐོར།རྒྱ་གར་མཱ་ངྷི་རསི་ཡེ་ཤུའི་མཐོ་སློབ་ཀྱི་་སློབ་ཕྲུག་ཆོས་དབྱངས་དཔལ་མོ་ནས་འགྲེལ་བརྗོད་གནང་བྱུང་།

ཁོང་ཚོའི་མཐོ་སློབ་ནང་བོད་མི་སློབ་ཕྲུག་༣༠ཙམ་ཡོད་པས།རྒྱ་གར་ཉེན་རྟོག་པ་སྔ་མོ་ནས་བསླེབས་ཏེ་བསྐོར་གཡེང་རྒྱུན་མར་བྱེད་བཞིན་པ་མ་ཟད།སློབ་ཕྲུག་ཉལ་ཁང་དུ་ཉེན་རྟོག་པ་ཚོས་གྲ་སྒྲིག་ཨང་གསར་གྱིས་བསྡད་ཡོད་པ་དང་།དེ་རིང་ནས་སང་ཉིན་བར་སློབ་ཕྲུག་སུ་ཡིན་ན་སློབ་གྲྭའི་ཕྱི་ལ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་།

ཡང་མ་ངྷི་རསི་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་པདྨ་ཚེ་རིང་གིས་ཁོང་ཚོའི་སློབ་གྲྭ་ལའང་ཉེན་རྟོག་པ་བཀྲམས་ཏེ། ཉི་མ་གཉིས་རིང་ཕྱི་ལ་ཐོན་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ཁར། ཁོ་རང་དང་མི་གསུམ་ཟུར་དུ་དམིགས་བཀར་གྱིས་བཀག་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་སྲིད་འཛིན་ཞི་ཅིན་ཕེན་གྱི་གཟིགས་སྐོར་སྐབས་འདིར་རྒྱ་གར་གྱི་གྲོང་ཁྱེར་མ་ངྷི་རསི་དང་མ་མ་ལ་པོས་རམ་(Mamallapuram)བཅས་སུ། རྒྱ་གར་གཞུང་གིས་བདེ་འཇགས་ཆེད་དམ་དྲག་ཤིན་ཏུ་ཆེན་པོ་གནང་གི་ཡོད་པས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གསར་འགོད་པ་ཅིག་གཙོས། བོད་མི་གསུམ་ཀྱང་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎