གཞོན་ནུ་ལྷན་ཚོགས་ཀྱིས་་དུས་དབང་སྐབས་དང་བླངས་ཞབས་ཞུ།

གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་བཀའ་དབང་ཞུ་བར་བཅར་མཁན་ཆོས་ཞུ་བ་ཚོར་དང་བླངས་ཀྱི་སྤྱི་ཚོགས་ཞབས་ཞུ་གནང་རྒྱུ།

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་བཞུགས་སྒར་རྡ་རམ་ས་ཡར་ཡོད་པའི་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་འདི་ལོ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་བཀའ་དབང་ཞུ་བར་བཅར་མཁན་ཆོས་ཞུ་བ་ཚོར་དང་བླངས་ཀྱི་སྤྱི་ཚོགས་ཞབས་ཞུ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གྲ་སྒྲིག་ནང༌། རྡོ་རྗེ་གདན་གྱི་རི་ལའི་བབས་ཚུགས་སུ་ཆོས་ཞུ་བར་སྐད་མ་ཤེས་མཁན་ལ་སྐད་བསྒྱུར་དང་ལམ་སྟོན་གནང་རྒྱུ། དེ་བཞིན་ནད་མནར་རིགས་ལ་རོགས་རམ་གནང་རྒྱུ། གསུང་ཆོས་ར་བའི་གཙང་མ་བཟོ་རྒྱུ། མི་འབོར་བརླགས་ཕྱིན་པ་དང༌། ངོ་ཤེས་ཐུག་འཕྲད་བྱེད་རྒྱུ་སོགས་མི་རྩད་གཅོད་གཏོང་རྒྱུ་སོགས་ཀྱི་དྲིལ་བསྒྲགས་ཀྱི་དགོས་མཁོ་རྒྱང་བསྒྲགས་འཛུགས་རྒྱུ་སོགས་ཡིན་ཞིང༌། སྤྱི་ཚོགས་ཀྱི་ཞབས་ཞུ་གནང་མཁན་དེ་དག་ཚང་མ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་དང༌། ས་གནས་ཀྱི་གཞོན་ནུ་ཚོགས་པ་ཁག་ལ་ལས་དོན་ཆ་བགོས་ཀྱི་བཀོད་སྒྲིག་ཆ་ཚང་གནང་ཟིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org