བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ།


2018.07.25
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྐབས། ༢༠༡༨།༧།༢༠ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྐབས། ༢༠༡༨།༧།༢༠
TYCC/FB

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་དང་འབྲེལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གནང་འདུག
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་འབྲེལ་འགན་འཛིན་ཉི་མ་དབྱངས་འཛོམས་ལགས་དང་། དཔལ་འབྱོར་འགན་འཛིན་བདེ་སྐྱིད་ལྷ་མོ་ལགས་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཆེད་ཕེབས་གནང་སྟེ། རྒྱ་གར་གྱི་ཆར་དུས་ཀྱི་གྲོས་ཚོགས་མ་ཚོགས་པའི་གོང་གི་བདུན་ཕྲག་གཅིག་རིང་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་དེ་བཞིན་རྒྱལ་རབས་ལོ་རྒྱུས་ཐོག་ནས་རང་དབང་རང་
བཙན་ལྡན་པའི་རྒྱལ་ཁབ་གཅིག་ཡིན་པ་དང་། ད་ལྟའི་ཆར་བོད་ཐོག་རྒྱ་ནག་གིས་བཙན་དབང་བྱེད་བཞིན་པ་རྒྱ་གར་གཞུང་གིས་ངོས་འཛིན་གནང་དགོས་པ་དང་། རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་བོད་རང་བཙན་གལ་འགངས་ཆེན་པོ་ཡིན་པ་རྒྱ་གར་དབུས་གཞུང་དང་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་དྲན་སྐུལ་ཞུས་འདུག་ད་དུང་ཁོང་གཉིས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་གཙོས་པའི་དབུ་ཁྲིད་རྣམས་ཀྱིས་རྒྱ་གར་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པ་མ་ཟད། བོད་ཕྱི་ནང་གཉིས་སུ་བོད་མི་མང་པོས་རང་ལུས་མེར་བསྲེགས་གནང་བཞིན་པའི་གནད་དོན་སྐོར་ལ་ཡང་གླེང་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག
ཁོང་གཉིས་ཀྱིས་རྒྱ་གར་གཞུང་འཛིན་(BJP)ཚོགས་པའི་འཐུས་མི་(Ram Swaroop Sharma)མཆོག་དང་། (Ram Das Chandrabhaji)མཆོག ནུབ་བྷེལ་གྷོལ་གྱི་གྲོས་ཚོགས་འཐུས་མི་(Abhijit Mukherjee)མཆོག རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་(Gavrav Gogoi)མཆོག (ShivSena)་ཞེས་པའི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་(ShirrangAppaBarne)སོགས་གྲོས་ཚོགས་ཀྱི་འཐུས་མི་ཁག་དངོས་སུ་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་གཏུགས་གནང་འདུག་ལ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཙ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་སྣེ་ཁྲིད་འོག་སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་སྤྱི་འཐུས་ཀརྨ་དགེ་ལེགས་བཅས་ཀྱིས་འདི་ཟླའི་ཚེས་༢༣་ཉིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གསར་པ་༢༢་དང་མཇལ་འཕྲད་དབུ་འཛུགས་གནང་སྟེ་བོད་དོན་ཞུ་གཏུགས་ཀྱིས་ལས་འགུལ་སྤེལ་བཞིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎