བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༩འཛིན་བཟུང་བྱས་པ།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་ཕེབས་རྒྱུར་ངོ་རྒོལ་སྐད་འབོད་གནང་མཁན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དགུ་འཛིན་བཟུང་བྱས་འདུག

༄༅༎རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་འཚམས་འདྲིའི་གཟིགས་སྐོར་གནང་རྒྱུར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དགུ་ཁ་ས་འཛིན་བཟུང་བྱས་སྟེ་ དེ་རིང་རྒྱ་གར་གྱི་བཙོན་ཁང་ཆེ་ཤོས་ཊི་ཧའར་ཞེས་པའི་ནང་བཙོན་འཇུག་བྱས་ཡོད་པ་རེད་

གོང་ཞུས་འཛིན་བཟུང་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དེ་ཚོ་ཁ་ས་དགོང་དྲོ་ཚོུད་༡༠དང་ཕྱེད་ཀའི་ཐོག་རྒྱ་གར་གྱི་སྨན་ཁང་ཨར་ཨེམ་ཨེལ་ཞེས་པའི་ནང་སྐུ་གཟུགས་བརྟག་དཔྱད་བྱེད་པར་འཁྲིད་དེ་ དེ་ནས་རིམ་པས་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་མེད་བདུན་དང་ཡང་དོན་ཚན་བརྒྱ་དང་ལྔ་བཅུ་ང་གཅིག་ནང་འཁོད་པ་གཞིར་བཟུང་གོང་ཞུས་ཚོགས་མི་དེ་རྣམས་དེ་ཉིན་ ཉིན་རྒྱབ་ཚོུད་༢པའི་ཐོག་ས་གནས་དཔོན་རིགས་ཤིག་གིས་ཊི་ཧའར་བཙོན་ཁང་ཞེས་པའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་བཙོན་ཁང་ཆེ་ཤོས་དེའི་ནང་གནས་སྤོས་བྱས་ཡོད་པ་རེད་ ད་རེས་ཀྱི་ལས་འགུལ་དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཚེ་ཁྲིམས་རྡོ་རྗེ་ལགས་དང་ དཀོན་མཆོག་ཡར་འཕེལ་ལགས་གཉིས་ཀྱིས་གོ་སྒྲིག་ཞུས་གནང་བ་དང༌ ད་ལྟ་གོང་དུ་འཛིན་བཟུང་བྱས་པའི་གཞོན་ནུའི་ཚོགས་མི་དགུའི་ཁོངས་སུ་ལྡི་ལི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དཀོན་མཆོག་ལགས་ཀྱང་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org