གྲྭ་བ་གཉིས་གསང་བའི་ཐོག་གློད་བཀྲོལ།


2013.05.13
གྲྭ་བ་གཉིས་གསང་ཐོག་ནས་གློད་བཀྲོལ། དཀར་མཛེས་ཁྲོམ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌།

༄༅༎བོད་ཁམས་དཀར་མཛེས་སུ་བོད་མི་ཚོས་ཆབ་སྲིད་བཙོན་པ་རྣམས་དུས་བཀག་བཙོན་འཇུག་གི་ལོ་ཚད་ཚང་སྟེ་གློད་བཀྲོལ་བཏང་སྐབས་ཕེབས་བསུ་ཞུ་སྲོལ་ཡོད་པར་བརྟེན། རྒྱ་གཞུང་གིས་ཟླ་འདིའི་ཕྱི་ཚེས་༡༢ཉིན། དཀར་མཛེས་དགོན་པའི་གྲྭ་བློ་བཟང་བསྟན་པ་དང་བློ་བཟང་ཆོས་ལྡན་གཉིས་ལོ་ལྔའི་དུས་བཀག་བཙོན་འཇུག་ཚང་སྟེ་གློད་བཀྲོལ་བཏང་སྐབས། ས་གནས་བོད་མིའི་ངོས་ནས་སླར་ཡང་ཕེབས་བསུ་ཞུ་སྲིད་པའི་དོགས་གཞིའི་འོག་གསང་བའི་ཐོག་ནས་གློད་བཀྲོལ་བཏང་ཡོད་པའི་སྐོར་བོད་ནས་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་འདུག།
རྒྱ་གཞུང་གིས་གོང་གི་དགེ་འདུན་པ་གཉིས་འཛིན་བཟུང་བཙོན་འཇུག་བྱེད་དགོས་པའི་རྒྱུ་མཚན་ནི། ༢༠༠༨ལོའི་ཕྱི་ཟླ ༥ པའི་ནང་ཁོང་གཉིས་ཀྱིས་བོད་ཁམས་དཀར་མཛེས་ཁྲོམ་གཞུང་དུ་བོད་རང་བཙན་སྐད་འབོད་བྱེད་སྐབས་རྒྱ་གཞུང་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་པ་ནས་བཟུང་ཟླ་བ་མང་པོའི་རིང་ཉེས་རྡུང་དང་འདྲི་རྩད་ནན་པོ་བྱས་ཏེ་མཐར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་གནས་ཚུལ་མཁོ་སྤྲོད་པས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎