རྒྱ་གར་ནང་འབར་རྫས་གཉིས་གས་ཐོར་མ་བྱས་གོང་བརྙེད་ཡོད་པ།

རྒྱ་གར་ཨ་ཟམ་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་ཉེན་སྲུང་མི་སྣས་འབར་རྫས་ཆེན་པོ་གཉིས་གས་ཐོར་མ་བྱས་གོང་བརྙེད་འདུག

༄༅༎རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་ཟམ་གྱི་ས་གནས་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་ཉེན་སྲུང་མི་སྣས་འབར་རྫས་ཆེན་པོ་གཉིས་གས་ཐོར་མ་བྱས་གོང་བརྙེད་ཡོད་པའི་གནས་ཚུལ་ཐོན་འདུག

ལྕགས་སྒམ་གཉིས་ནང་སྦས་པའི་འབར་རྫས་གཉིས་པོ་མངའ་སྡེའི་གྲོས་ཚོགས་དང་ལས་ཁུངས་ཁག་གི་ཉེ་འགྲམ་གྱི་ས་ཁུལ་སྦ་གོ་རྡུ་ཊ་པུར་དང་ཀ་ཧི་ལི་པ་ར་གཉིས་ཀྱི་ཁྲོམ་གཞུང་དུ་བརྙེད་ཡོད་པ་ས་གནས་ཀྱི་ཉེན་སྲུང་མི་སྣས་འགྲེལ་བརྗོད་གནང་འདུག འབར་རྫས་དེ་གཉིས་ནུས་མེད་བཟོས་པའི་རྗེས་སུ་དོགས་གཞི་ཡོད་པའི་མི་སྣ་གཉིས་འཛིན་བཟུང་བྱས་ཡོད་འདུག

ཡང་དོན་རྐྱེན་གཞན་པ་གཅིག་གི་ནང་གྲོང་ཁྱེར་གོ་ཧ་ཊི་ནས་གྲོང་ཁྱེར་གྱི་ཕྱི་ལོག་ལ་འགྲོ་མཁན་སྤྱི་སྤྱིད་སྦ་སེ་ཞིག་ལ་ཞིབ་འཇུག་སྐབས་ཉལ་ཐག་ཀི་ལོ་བརྒྱད་ཅུ་ཙམ་ཐོན་ཡོད་པ་དོགས་གཞི་ཡོད་པའི་མི་གསུམ་འཛིན་བཟུང་བྱས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org