ཕྱི་དྲིལ་ལས་ཁུངས་ཀྱི་བརྒྱུད་ལམ་ཁག་གི་ལས་བྱེད་ཚོར་ཟབ་སྦྱོང་།


2015.08.17
ཕྱི་དྲིལ་ལས་ཁུངས་ཀྱི་བརྒྱུད་ལམ་ཁག་གི་ལས་བྱེད་ཚོར་ཟབ་སྦྱོང་གནང་བཞིན་པ། ༢༠༡༥།༨།༡༧ ཕྱི་དྲིལ་ལས་ཁུངས་ཀྱི་བརྒྱུད་ལམ་ཁག་གི་ལས་བྱེད་ཚོར་ཟབ་སྦྱོང་གནང་བཞིན་པ། ༢༠༡༥།༨།༡༧
tibet.net

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བརྒྱུད་ལམ་ཁག་གི་ནང་ལས་དོན་སྒྲུབ་བཞིན་པའི་ལས་བྱེད་རྣམས་ལ་བོད་ཀྱི་སྐད་ཡིག་གི་ཟབ་སྦྱོང་གནང་བཞིན་པ།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དང་རྒྱལ་སྤྱིའི་འབྲེལ་བའི་སྡེ་ཚན་གྱི་ལས་བྱེད་ཚོར། ཉིན་གྲངས་བདུན་གྱི་རིང་བོད་ཀྱི་སྐད་ཡིག་གི་ཟབ་སྦྱོང་ཞིག་གནང་བཞིན་ཡོད་པ་དང་། དེའི་སར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་གཉིས་དབུ་བཞུགས་ཐོག་ཟབ་སྦྱོང་དེའི་ནང་འབྲེལ་ཡོད་ལས་བྱེད་༡༥་མཉམ་བཞུགས་གནང་ཡོད་པ་རེད།
རྒྱལ་སྤྱིའི་འབྲེལ་བའི་སྡེ་ཚན་གྱི་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་དབུ་འབྱེད་གསུང་བཤད་གནང་བའི་ནང། གཙོ་བོ་བོད་ཀྱི་སྐད་ཡིག་གི་ཐོག་ནས་གསར་འཕྲིན་སོགས་ཀྱི་ནང་བོད་ཡིག་གི་ཐོག་ནས་གནས་ཚུལ་མང་པོ་གཏོང་སྤེལ་བྱེད་བཞིན་པའི་གནས་སྟངས་འདིའི་ཐད། བོད་ཀྱི་སྐད་ཡིག་གི་སུམ་རྟགས་ཀྱི་འགྲོ་སྟངས་དང་དེ་བཞིན་ཐ་སྙད་གཅིག་མཚུངས་བེད་སྤྱོད་སྟངས། ཡིག་བསྒྱུར་སོགས་ཀྱི་ཐད་སློབ་སྦྱོང་སྤྲད་དེ་མ་འོངས་བོད་ཀྱི་སྐད་ཡིག་གི་ཐོག་གསར་འགྱུར་དང་། དཔར་བསྐྲུན་སོགས་ཀྱི་ལས་དོན་ཐད་བོད་ཡིག་སྤྱི་མཚུངས་ཚད་ལྡན་བཀོལ་སྤྱོད་བྱེད་སྟངས་ཐད་ཕན་ཐོགས་ངེས་ཅན་ཞིག་ཡོང་རེའི་སྐོར་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཀྱང་ཕྱོགས་འདྲ་བའི་གསུང་བཤད་ནང་། བོད་སྐད་ཡིག་བེད་སྤྱོད་བྱེད་ཕྱོགས་ཐད་ཡར་རྒྱས་ཡོང་རེ་གནང་ཡོད་པ་རེད།
ཟབ་ཁྲིད་པ་གཙོ་བོ། ཝཱ་ཎའི་རིག་གནས་དགེ་རྒན་ལྷག་པ་ཚེ་རིང་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། ཞར་བྱུང་ཟབ་ཁྲིད་པ། རྣམ་གྲྭ་ཆོས་དགེ་དགེ་བཤེས་བློ་བཟང་གྲགས་པ་ལགས། རྣམ་གྲྭ་བོད་དགེ་ཐུབ་བསྟན་ཡར་འཕེལ་ལགས། བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་བཅས་ཡིན་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎