ཡུལ་སྐོར་བ་མང་པོ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཡོང་བཞིན་པ།

རྒྱ་ནག་རྒྱལ་སྟོན་དུས་ཆེན་རྗེས་སུ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་བལྟ་སྐོར་དུ་ཡོང་མཁན་མང་པོ་ཡོད་འདུག

2009.10.04

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་དུས་དྲན་གྱི་མཛད་སྒོ་ཚོགས་པའི་རྗེས་སུ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་རྒྱ་ནག་གི་ས་ཁུལ་ཕྱོགས་ཡོངས་ནས་ཡུལ་སྐོར་སྤྲོ་འཆམ་པ་བལྟ་སྐོར་དུ་ཡོང་མཁན་མང་པོ་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱལ་སྟོན་དུས་ཆེན་མཛད་སྒོའི་ལས་དོན་གྲ་སྒྲིག་ལྡན་པ་དང་ལམ་ལྷོང་ཡོང་རྒྱུར་དམིགས་ཏེ་དུས་ཆེན་གྱི་སྔ་རོལ་ནས་མཛད་སྒོ་ཚོགས་ཡུལ་གྱི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཁུལ་དུ་དམ་བསྒྲགས་ཆེན་པོ་བྱས་ཡོད་པ་མ་ཟད་རེས་གཟའ་ཕུར་བུའི་ཉིན་མཛད་སྒོ་དངོས་སུ་ཚོགས་པའི་རྗེས་རེས་གཟའ་པ་སངས་ཉིན་པེ་ཅིང་གི་ཐང་ཆེན་ཐོག་མི་གྲངས་འགྲོ་བསྐྱོད་ཀྱི་སྒོ་མོ་བསྐྱར་ཏུ་ཕྱེ་ཡོད་ཅིང་དེ་རིང་པེ་ཅིང་ས་གནས་ཀྱི་ཡུལ་སྐོར་སྤྲོ་འཆམ་དཔོན་རིགས་ནས་བཤད་པར་གཞིགས་ན་རེས་གཟའ་པ་སངས་དང་སྤེན་པ་ཉིན་གཉིས་ལ་ཐང་ཆེན་དེའི་ཐོག་ལ་མཛད་སྒོ་མཇུག་སྒྲིལ་བའི་ཤུལ་དུ་བལྟ་བར་ཡོང་མཁན་ཉིན་རེར་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་གཅིག་དང་ཕྱེད་ཀ་ལྷག་བྱུང་ཡོད་པ་དང་རྒྱ་ཁྱོན་མི་ཊར་གྲུ་བཞི་མ་བཞི་འབུམ་ལྔ་ཁྲི་བྱས་པའི་ཐང་ཆེན་དེའི་ཐོག་ལ་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོའི་རུ་སྒྲིག་ནང་གྲུ་འཛིངས་དྲུག་བཅུ་འགྲེམས་སྟོན་བྱས་པ་དེ་རྣམས་ཐང་ཆེན་ཐོག་མུ་མཐུད་འགྲེམས་འཇོག་བྱས་ཡོད་པ་དེ་དག་བལྟ་བར་ཡོང་མཁན་མང་པོ་ཡོད་པའི་སྐོར་བཤད་ཡོད་པ་རེད། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནས་བལྟ་སྐོར་བ་ཞིག་གིས་ཤིང་ཧཱ་གསར་འགོད་པར་ཁོང་དེ་སྔོན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་བལྟ་སྐོར་དུ་ཐེངས་མང་པོ་ཡོང་མྱོང་མཁན་ཞིག་ཡིན་ནའང་ད་རེས་ཡོང་དགོས་དོན་ནི་གཙོ་བོ་གྲུ་འཛིངས་དེ་དག་ལ་བལྟ་བར་ཡོང་ཡོད་པ་འགྲེལ་བརྗོད་བྱས་ཡོད་ཅིང་པེ་ཅིང་གྲོང་ཁྱེར་གྱི་ཡུལ་སྐོར་སྤྲོ་འཆམ་དཔོན་རིགས་ནས་རེས་གཟའ་པ་སངས་ཀྱི་ཕྱི་དྲོའི་ཚོུད་གཉིས་པ་ནས་རེས་གཟའ་སྤེན་པའི་ཕྱི་དྲོའི་ཚོུད་གཉིས་བ་བར་ལ་པེ་ཅིང་གི་ཐང་ཆེན་ཐོག་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་གཅིག་དང་གྲངས་ཉུང་ཉི་ཤུ་རྩ་ལྔ་བལྟ་སྐོར་དུ་སླེབས་ཡོད་པའི་སྡོམས་རྩིས་བཏོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎