བོད་དང་ཏཱ་ལའི་བླ་མ་སོགས་མིང་ཚིག་དང་ནང་དོན་རིགས་ལ་ཞིབ་བཤེར་དང་བཀག་འགོག


2020.08.24
རྒྱ་ནག་གི་ཁ་པར་མཉེན་ཆས་འདྲ་མིན། རྒྱ་ནག་གི་ཁ་པར་མཉེན་ཆས་འདྲ་མིན།
སྒྲིག་བཟོ།

ཁྲིག་ཁྲོག་(TikTok)་ཞེས་པའི་སྤྱི་ཚོགས་བརྒྱུད་ལམ་ལ་བདག་པའི་གསར་འགྱུར་མཉེན་ཆས་ནང་བོད་དང་ཏཱ་ལའི་བླ་མ་ཞེས་མིང་ཚིག་དང་ནང་དོན་རིགས་ལ་ཞིབ་བཤེར་གྱིས་བཀག་འགོག་བྱེད་ཀྱི་ཡོད་འདུག
རྒྱ་ནག་ནང་བཟོས་པའི་ཁ་པར་མཉེན་ཆས་ཁྲིག་ཁྲོག་(Tik Tok)་ཞེས་བའི་དྲ་རྒྱའི་ཁེ་གཉེར་ལས་ཁུངས་འོག་ཡོད་པའི་གསར་འགྱུར་མཉེན་ཆས་(News Republic)་ཞེས་བའི་ནང་། བོད་དང་ཏཱ་ལའི་བླ་མ་ཞེས་བའི་མིང་ཚིག་དང་ནང་དོན་ཡོད་པ་ཁག་ལ་ཞིབ་བཤེར་གྱིས་རྒྱ་ནག་ལ་མི་འདོད་པའི་བརྗོད་གཞིའི་རིགས་བཀག་སྡོམ་བྱེད་ཀྱི་ཡོད་པ་དབྱིན་ཡུལ་ནང་ཡོད་པའི་(The Telegraph)་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གཞན་ཡང་དེ་སྔོན་དབྱིན་ཇིའི་གསར་ཁང་(The Guardian)་ཞེས་པའི་ནང་ཡང་གནས་ཚུལ་ཞིབ་འཇུག་གིས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གི་༡༩༨༩་ལོའི་གནམ་བདེ་སྒོ་མོའི་དྲུག་བཞིའི་དོན་རྐྱེན་གྱི་ངོ་རྒོལ་དང་། བོད་རང་བཙན་གྱི་ལས་འགུལ། དེ་བཞིན་(Falun Gong)་ཆོས་འཁོར་སྒོམ་སྒྲུབ་བཅས་ཀྱི་གནས་ཚུལ་སྐོར་ཞིབ་བཤེར་གྱིས་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། བོད་དང་ཐེ་ཝན་གྱི་གནད་དོན་ཐད་ཀྱི་བརྗོད་གཞི་ཡོད་པའི་གསར་འགྱུར་ལ་ཡང་ཞིབ་བཤེར་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་འདུག
གསར་འགྱུར་མཉེན་ཆས་(News Republic)་ཞེས་པ་དེ་ལ་དེ་སྔ་༢༠༡༥་ལོར་གསར་འགྱུར་མཉེན་ཆས་རྩེ་ཕུད་ཀྱི་བྱ་དགའ་ཐོབ་མྱོང་ཡོད་པ་དང་། གསར་འགྱུར་མཉེན་ཆས་དེ་རྒྱ་ནག་ནང་བཟོས་པའི་ཁ་པར་མཉེན་ཆས་ཁྲིག་ཁྲོག་(Tik Tok)་ཞེས་བའི་དྲ་རྒྱའི་ཁེ་གཉེར་ལས་ཁུངས་ལ་བདག་གི་ཡོད། (Tiktok)་ཞེས་པའི་སྤྱི་ཚོགས་བརྒྱུད་ལམ་དེ་༢༠༡༦་ལོར་རྒྱ་ནག་ནང་བཏོན་ནས་རྒྱ་སྐད་ཐོག་(Douyin)་ཞེས་འབོད་ཀྱི་ཡོད་པ་དང་། རིམ་བཞིན་རྒྱ་ནག་གི་ཕྱི་ལོགས་སུ་དར་ཁྱབ་ཆེན་པོ་བྱུང་ནས་ད་ཆ་བེད་སྤྱོད་བྱེད་མཁན་ས་ཡ་མང་པོ་ཡོད་པ་བརྗོད་འདུག
རྒྱ་ནག་ནས་བཟོས་པའི་(TikTok)་དང་། སྐད་འཕྲིན་(wechat)་ཁ་པར་མཉེན་ཆས་ཀྱིས་བཀོལ་སྤྱོད་མཁན་མི་སྒེར་གྱི་གནས་ཚུལ་བརྐུ་འཁྱེར་བྱེད་བཞིན་པ་བདེ་འཇགས་ཡག་པོ་མེད་པར་བརྟེན་ནས། ཉེ་སྔོན་རྒྱ་གར་ནང་བཀག་སྡོམ་བྱས་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་མཆོག་གིས་སྤྱི་ཟླ་༨་པའི་ཚེས་༨་ཉིན་བཀའ་རྒྱ་གཏང་ནས། ཨ་རིའི་ནང་རྒྱ་ནག་ནས་བཟོས་པའི་མཉེན་ཆས་དེའི་རིགས་ཉོ་ཚོང་གཏན་འགོག་བྱེད་རྒྱུ་ཡིན་པ་བརྗོད་ཡོད།
རྗེས་སུ་སྤྱི་ཟླ་༨་པའི་ཚེས་༡༤་ཉིན་ཡང་བསྐྱར་བཀའ་རྒྱ་ཞིག་བཏང་ནས་ཉིན་གྲངས་༩༠་ཡི་ནང་ཚུད་མཉེན་ཆས་དེ་ཨ་རིར་བཙོང་ནས་བཀོལ་སྤྱོད་ཨ་རིར་སྤོ་སྒྱུར་དགོས་པ་བརྗོད་འདུག འོན་ཀྱང་རྒྱ་ནག་ནང་ཡོད་པའི་མཉེན་ཆས་དེའི་ཁེ་གཉེར་ལས་ཁང་(Bytedanc)་ཟེར་བའི་རྒྱབ་སྐྱོར་ཐོག་ཨ་རིའི་ནང་གི་རྒྱ་ནག་གི་མི་སེར་ཁག་ཅིག་གིས། སྨྲ་བརྗོད་རང་དབང་དང་འགལ་བའི་ཁྲིམས་ཐོག་གིས་སྲུང་སྐྱོབ་ཆེད་ཨ་རིའི་སྲིད་འཛིན་ཁྲིམས་གཏུག་བྱེད་རྒྱུ་ཡིན་པ་བརྗོད་པ་དང་འབྲེལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་དེ་ཐོག་རྒྱབ་སྐྱོར་ཡོད་པ་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎