རྒྱ་གར་སློབ་གྲྭའི་ནང་བོད་ཀྱི་ཉིན་མོ།

རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་ཡོད་པའི་རྒྱ་གར་བའི་སློབ་ཕྲུག་རྣམས་ལ་བོད་དོན་གོ་རྟོགས་གོ་སྤེལ་གྱི་ཆེད་དུ་དམིགས་ནས་ཨ་དར་ཤི་ལ་ཞེས་པའི་རྒྱ་གར་གྱི་སློབ་གྲྭའི་ནང་བོད་ཀྱི་ཉིན་མོ་ཞེས་པ་ཞིག་སྲུང་བརྩི་ཞུས་འདུག

2012.11.02

༄༅།    །བཙན་བྱོལ་བོད་མིའི་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་སུ་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་།    རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་Adharshila Vidyapeeth ཞེས་པའི་སློབ་གྲྭ་གཉིས་ཐུང་མོང་གིས་ཕྱི་ཟླ་༡༠ཚེས་༣༡ ཉིན་Adharshila Vidyapeeth སློབ་མ་རྣམས་ལ་བོད་དོན་གོ་རྟོགས་སྤེལ་བའི་ཆེད་དུ་བོད་ཀྱི་ཉིན་མོ་ཞེས་པའི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད།
ཉིན་དེའི་བྱེད་སྒོའི་ནང་སློབ་མ་རྣམས་ལ། བོད་མི་མང་སྤྱི་འཐུས་ཨ་ཅྰརྱ་ཡེ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ནང་གི་གནས་སྟངས་དང་འཕགས་འབོད་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། དེ་སྔ་༡༩༤༩ གོང་གི་བོད་དེ་ནི། རྒྱ་གར། རྒྱ་ནག ཨུ་རུ་སུ། སོག་པོ་སོགས་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེན་དེ་དག་གཅིག་མཚུངས་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང༌། ༡༩༤༩ ལོར་རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་འགོ་བཙུགས་ཏེ་རིམ་བཞིན་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་པའི་གནས་ཚུལ་དང༌། དེ་བཞིན་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་མ་བྱས་གོང་གི་དུས་རབས་སྔ་མོ་ནས་འཕགས་བོད་དབར་ལ་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་སོགས་འགྲེལ་བཤད་གནང་ཡོད་པ་རེད།
ད་དུང་ཁོང་གིས་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་པོ་ཡོད་པ་དང༌། ལྷག་དོན་བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་ཡོད་སྐོར་ངོ་སྤྲོད་ཀྱང་གནང་ཡོད་པ་རེད།    །





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎