མེ་མདས་རྨས་སྐྱོན་ཕོག་པའི་བོད་མི་གཉིས་ཀྱི་གནས་སྟངས་ཛ་དྲག


2014.08.15
གདན་མ་ཕྱོགས་ཀྱི་ས་གནས་བོད་མི་ཚོས་སྡེ་དཔོན་གློད་བཀྲོལ་དགོས་བའི་དགོས་འདུན་བཏོན་བཞིན་པ། ༢༠༡༤།༨།༡༢ གདན་མ་ཕྱོགས་ཀྱི་ས་གནས་བོད་མི་ཚོས་སྡེ་དཔོན་གློད་བཀྲོལ་དགོས་བའི་དགོས་འདུན་བཏོན་བཞིན་པ། ༢༠༡༤།༨།༡༢
བོད་འབྱོར།

2014-08-15

རྒྱ་ནག་གིས་འདན་མ་བོད་མིའི་ཐོག་མེ་མདའ་རྒྱབ་ནས་མི་གྲངས་༡༦ལ་རྨས་སྐྱོན་ཕོག་པའི་ཁྲོད་མི་གཉིས་ཀྱི་གནས་སྟངས་ཛ་དྲག་ཡིན་འདུག
དེ་ཡང་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ཀྱིས་གནས་ཚུལ་བཏང་དོན། སྤྱི་ཚེས་༡༢ཉིན་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་དམག་མི་ཚོས་སེར་ཤུལ་འདན་མ་ཕྱོགས་ཀྱི་བོད་མིའི་ཐོག་མེ་མདའ་རྒྱབ་ནས་ཤུག་པ་སྡེ་པའི་ཀརྨ་བཀྲ་ཤིས་དང་། ཡེ་ཤེས། ཟླ་བ་བཀྲ་ཤིས། བཟང་པོ། ཡོན་ཏན་སྐྱབས། ཀུན་དགའ་ཤེས་རབ། ཐུབ་བསྟན་ཆོས་འཕེལ། བཀྲ་དགའ། བཀྲ་ཤིས་མགོན་པོ། འོད་ཟེར་རྡོ་རྗེ། དབྱངས་ཅན་ལྷ་མོ། ཚེ་སྐྱབས་ལྷ་མོ། ཡེ་ཤེས་སྒྲོལ་མ། དབྱངས་ཅན་དཔལ་མི། གཡོན་ཐོག་སྡེ་བའི་བཀྲ་འདུན། འགོ་བ་སྡེ་བའི་བསོད་ནམས་ཡེ་ཤེས་བཅས་མི་གྲངས་༡༦ལ་རྨས་སྐྱོན་ཕོག་པའི་ཁྲོད་ཀུན་དགའ་ཤེས་རབ་དང་། བཀྲ་འདུན་མི་གཉིས་ཀྱི་གནས་སྟངས་ཛ་དྲག་ཡིན་པ་རེད་འདུག
དེ་ནི་འདི་ཟླའི་ཚེས༡༡ཉིན་གྱི་མཚན་མོའི་ཆུ་ཚོད་༡༢ཙམ་ལ་། ས་གནས་ཉེན་རྟོག་པས་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་མ་ཡུལ་ཚོ་ཤུག་པ་གྲོང་པའི་སྡེ་དཔོན་དབང་གྲགས་ཞུ་བ་ཞིག་འཛིན་བཟུང་བྱས་པའི་རྗེས་ཚེས་༡༢ཉིན་བོད་མི་བརྒྱ་ཕྲག་ལྷག་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་འདུ་འཛོམས་བྱས་ཏེ། སྡེ་དཔོན་དབང་གྲགས་ལགས་ལ་ནག་ཉེས་གང་ཡང་མེད་པས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ས་གནས་སྲིད་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་སྤྲོད་རྒྱུའི་ཚབ་ཏུ་ཉེན་རྟོག་པ་དང་། དམག་མི་འབོར་ཆེན་ཆེད་གཏོང་གིས་མི་མང་ལ་དྲག་གནོན་བྱས་ཏེ་བོད་མི་༡༦ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་རེད། འབྲེལ་ཡོད་ཞིབ་ཕྲ་གཤམ་གྱི་གནས་ཚུལ་ལྟར་ཡིན།

གསར་འགོད་པ་ཀླུ་འབུམ།

2014-08-13

རྒྱ་ནག་གིས་འདན་མ་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲཊ་འཛིན་བཟུང་དང་སྡེ་མི་ཚོར་དྲག་གནོན་བྱས་ཏེ་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག དེ་ཡང་ཚེས་༡༣ཉིན་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན། འདི་ཟླའི་ཚེས༡༡ཉིན་གྱི་མཚན་མོའི་ཆུ་ཚོད་༡༢ཙམ་ལ་། ས་གནས་ཉེན་རྟོག་པས་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་མ་ཡུལ་ཚོ་ཤུག་པ་གྲོང་པའི་སྡེ་དཔོན་དབང་གྲགས་ཞུ་བ་ཞིག་འཛིན་བཟུང་བྱས་པའི་རྗེས་ཚེས་༡༢ཉིན་བོད་མི་བརྒྱ་ཕྲག་ལྷག་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་འདུ་འཛོམས་བྱས་ཏེ། སྡེ་དཔོན་དབང་གྲགས་ལགས་ལ་ནག་ཉེས་གང་ཡང་མེད་པས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ས་གནས་སྲིད་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་སྤྲོད་རྒྱུའི་ཚབ་ཏུ་ཉེན་རྟོག་པ་དང་། དམག་མི་འབོར་ཆེན་ཆེད་གཏོང་གིས་མི་མང་ལ་དྲག་གནོན་བྱས་ཏེ་བོད་མི་༡༠ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག་པ་དང་། ད་ལྟའི་ཆར་ཤི་གསོན་གང་ཡིན་དང་ས་གནས་ཀྱི་གནས་སྟངས་སོགས་ཤེས་རྟོགས་མེད་པར་གྱུར་འདུག དེའི་ཐད་སྡེ་དགེ་དྲ་རྒྱའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་ནས་དཔོན་རིགས་ཁག་ཅིག་སེར་ཤུལ་རྫོང་དུ་ལྟ་སྐོར་དུ་བསྐྱོད་འཆར་ཡོད་པ་དང་སྟབས་བསྟུན་ཉེ་ཆར་རྫོང་དང་ཁུལ་རིམ་པ་ནས་འདན་མའི་ཕྱོགས་ཀྱི་ཤུག་པ་སྡེ་བ་སོགས་ནས་གླུ་གར་འཁྲབ་སྟོན་པ་ཡོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། གླུ་གར་སྦྱོང་བརྡར་སྐབས་འཁྲབ་སྟོན་པ་བེུད་ཁག་ཅིག་ལ་ཁུལ་གྱི་དཔོན་པོ་དགའ་ཤས་ནས་བརྙས་བཅོས་བྱས་པའི་གནས་ཚུལ་བྱུང་སྐབས་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་ལགས་ཀྱིས་གཞུང་གི་ལས་བྱེད་ཚོར་བོད་པའི་བེུད་ལ་མཐོང་ཆུང་བརྙས་བཅོས་བྱེད་དོན་སྐོར་གནས་ལུགས་འདྲི་རྩད་བྱེད་སྐབས་རྒྱ་མིའི་ལས་བྱེད་ཚོས་ཉེ་ཆར་འདན་མའི་རྟ་རྒྱུགས་བསང་གསོལ་གྱི་སྲོལ་རྒྱུན་བྱེད་སྒོ་ཁག་ལ་རྫོང་དང་ཁུལ་རིམ་པས་ཆོག་མཆན་སྤྲད་མེད་པས་ཁྲིམས་འགལ་ཡིན་སྐོར་སོགས་ལྡོག་ཕྱོགས་ཀྱི་ཉེས་འཛུགས་བྱས་པ་དང་། དེར་སྡེ་དཔོན་དབང་གྲགས་ལགས་ཀྱིས་ངོས་ལེན་མ་བྱས་པར་ཕན་ཚུན་རྩོད་པ་ཤོར་ཡོད་པ་རེད། སྐབས་དེ་དུས་དབང་གྲགས་ལགས་འཛིན་བཟུང་བྱས་མེད་ཀྱང་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྒྱ་གཞུང་ཉེན་རྟོག་པས་སྡེ་དཔོན་དབང་གྲགས་ལགས་རང་ཁྱིམ་ནས་གསང་བའི་ཐོག་ནས་བཙན་ཁྲིད་བྱས་ཡོད་འདུག སྡེ་དཔོན་བཙན་ཁྲིད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཚེས་༡༢ཉིན་བོད་མི་བརྒྱ་ཕྲག་ལྷག་ལོ་ཕྱུག་ས་ཁུལ་གྱི་སྲིད་གཞུང་མདུན་དུ་འདུ་འཛོམས་ཀྱིས་སྡེ་དཔོན་དབང་གྲགས་ལགས་འཕྲལ་དུ་གློད་འགྲོལ་གཏོང་དགོས་ཞེས་སྐད་འབོད་བྱེད་སྐབས་དམག་མི་དང་ཉེན་རྟོག་མི་སྣས་མི་མང་ཁྲོད་གང་བྱུང་དུག་རྫས་གཡུགས་པ་དང་མེ་མདའ་བརྒྱབ་སྟེ། དབང་གྲགས་གི་བུ་དང་སྤུན་མཆེད་གཉིས་ལ་ཕེ་མདའ་ཕོག་པ་དང་། ཁྱོན་བོད་མི་བཅུ་ཡས་མས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

འདི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎