ཁམས་རྫོགས་ཆེན་དུ་སྲིད་གཞུང་སྒོ་འགྲམ་དུ་བོད་མིས་རེ་འབོད་།

རྒྱ་ནག་གཞུང་ཕྱོགས་ནས་རྒྱུ་མཚན་མེད་པའི་དྲག་པོའི་རྡུང་རྡེག་དང་འཛིན་བཟུང་སྔོག་བཤེར་བྱེད་ཡས་མཚམས་འཇོག་དགོས་པའི་རེ་འདུན།

༄༅༎དེ་རིང་ཕྱི་ཚེས་༢༥འི་སྔ་དྲོ་ཚོུད་དྲུག་དང་ཕྱེད་ཀ་ཙམ་ལ་ཁམས་རྫོགས་ཆེན་ཤྲྰི་སེང་ལྔ་རིག་སློབ་གླིང་དང་རྫོགས་ཆེན་དགོན་པའི་མཁན་སྤྲུལ་བླ་གྲ་དང་སྡེ་བའི་མི་གྲངས་མང་པོ་ཚོགས་ཆེན་ཤང་སྲིད་གཞུང་དང་མངགས་གཏོང་ཁང་གི་སྒོ་འགྲམ་དུ་འཛོམས་ནས་གཞུང་ཕྱོགས་ནས་རྒྱུ་མཚན་མེད་པའི་དྲག་པོའི་རྡུང་རྡེག་དང་ འཛིན་བཟུང་ སྔོག་བཤེར་བྱེད་ཡས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་བཞིན་ཡོད་འདུག
ཕྱི་ཚེས་༢༢ཉིན་ནས་བཟུང་ཉེན་རྟོག་པ་༦༠ཙམ་སླེབས་ནས་དོན་མེད་རྡུང་རྡེག་དང་དགོན་པ་སྔོག་བཤེར་བསྟུད་མར་བྱས་ནས་བླ་གྲ་དང་གྲོང་མི་ཚོར་བསུན་བཙིར་བཟོ་ཡས་ཀྱི་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་མ་ཟད་ཕྱི་ཚེས་༢༢ནས་༢༤བར་དམིགས་བསལ་ཉེན་རྟོག་པ་༡༠༠ལྷག་ཙམ་རྫོགས་ཆེན་སྡེ་དགོན་ལ་སླེབས་ནས་ཚད་ལས་འདས་པའི་དྲག་རྡུང་བཏང་སྟེ་རྫོགས་ཆེན་སྡེ་པའི་རུ་ཁག་དང་པོའི་རྒྱ་མཚོར་རྡུང་རྡེག་དྲག་པོ་ཕོག་ནས་ད་ལྟ་དཀར་མཛེས་རྫོང་མི་མང་སྨན་ཁང་གིས་བརྟག་དཔྱད་བྱས་འབྲས་སྲོག་ལ་ཉེན་ཁ་ཡོད་པ་སོགས་ཀྱི་གནས་སྟངས་དེ་རིགས་ཛ་དྲག་ཏུ་འགྲོ་བཞིན་པར་བརྟེན་ནས་བོད་མི་ཚོ་སྲིད་གཞུང་གི་སྒོ་འགྲམ་དུ་རྒྱ་ཆེ་བའི་ཞི་རྒོལ་བྱེད་དགོས་བྱུང་བའི་སྐོར་ས་གནས་ནས་གནས་ཚུལ་གཏོང་་མཁན་གྱིས་ངོ་སྤྲོད་གནང་བའི་ནང་འཁོད་འདུག
དེ་བཞིན་རྫོགས་ཆེན་དགོན་པའི་དགེ་འདུན་རང་ལོ་༡༣ལ་སླེབས་པ་པད་རྒྱལ་དང་ བསྟན་འཛིན་ ཁྱི་ཐར་ མི་འགྱུར་ གུར་རྣམ་ སྐལ་བཟང་ པད་སྟོབས་སོགས་དང་གྲོང་མི་རི་བུ་དང་ སེང་གེ་ ཕུར་བུ་ཚེ་རིང་སོགས་འཇུ་བཟུང་བྱས་ནས་བཟོད་ཐབས་དཀའ་བའི་ཉེས་རྡུང་མནར་གཅོད་དྲག་པོ་ཕོག་བཞིན་ཡོད་ཅིང་དགོན་པའི་གྲ་ཤག་སྔོག་བཤེར་དང་ དོན་མེད་བཅར་རྡུང་དྲག་པོ་བཟོད་ཐབས་དཀའ་བའི་མནར་གཅོད་འོག་དེ་རིང་ཕྱི་ཚེས་༢༥ཞོགས་པ་རྫོགས་ཆེན་ཤྲྰི་སེང་ཆོས་གྲ་དང་རྫོགས་ཆེན་དགོན་པ་ པད་མ་ཐང་བཅས་ཀྱི་བླ་གྲ་དང་རྫོགས་ཆེན་འབྲོག་རུ་སྡེ་པའི་གྲོང་མི་བཅས་ སྐྱ་སེར་སུམ་སྟོང་ལྷག་རྫོགས་ཆེན་ཤང་སྲིད་གཞུང་གི་སྒོ་འགྲམ་དུ་ཞི་བའི་གྱེན་ལངས་ཀྱིས་འདུ་འཛོམས་བྱས་ནས་རྒྱུ་མཚན་མེད་པའི་རྩུབ་སྤྱོད་དང་དྲག་རྡུང་བྱེད་མཚམས་འཇོག་དགོས་པ་དང་ ཉེས་མེད་འཇུ་ཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པའི་རེ་བ་བཏོན་བཞིན་ཡོད་འདུག་