བོད་མི་ཚོས་བསྐྱིས་དངུལ་མ་སློག་ན་འཇུ་བཟུང་བྱེད་རྒྱུ་ཡིན།


2015.01.23
རྒྱ་ནག་གི་བདེ་འཇགས་མི་སྣས་བོད་མི་འཇུ་བཟུང་བྱེད་བཞིན་པ། ༢༠༡༥།༡།༢༠ རྒྱ་ནག་གི་བདེ་འཇགས་མི་སྣས་བོད་མི་འཇུ་བཟུང་བྱེད་བཞིན་པ། ༢༠༡༥།༡།༢༠
བོད་འབྱོར།

རྒྱ་ནག་གི་བདེ་འཇཊ་མི་སྣས་ས་ཡོམ་གྱི་གོད་ཆགས་ཕོག་ཁུལ་བོད་མི་ཚོར་བསྐྱིས་དངུལ་མ་སློག་ན་འཇུ་བཟུང་བྱེད་རྒྱུའི་དཀའ་ངལ་སྤྲོད་བཞིན་འདུག
དེ་ཡང་ཟླ་འདིའི་ཚེས་༢༠ཉིན་སྒ་སྐྱེ་རྒུ་མདོའི་ནང་རྒྱ་ནག་གི་དམག་མི་མང་པོ་འབྱོར་ནས་དེ་སྔ་རྒྱ་ནག་གཞུང་གིས་ཁང་པ་རྒྱ་བསྐྱེད་བཏང་བའི་བསྐྱིས་དངུལ་ཕྱིར་སྤྲོད་དགོས་བ་བཤད་བཞིན་པ་རེད། སྐྱེ་རྒུ་མདོའི་ཁུལ་དུ་སྤྱི་ལོ་༢༠༡༠ལོར་ས་ཡོམ་བྱུང་ཏེ་ཡུལ་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། ཁང་པ་མང་པོ་གཏོར་སྐྱོན་བཏང་ཡོད། རྗེས་སུ་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་འཛུགས་སྐྲུན་སླར་གསོ་བྱེད་རྒྱུ་ཞེས་པའི་ཁང་པ་གསར་རྒྱག་གི་ལས་དོན་ཞིག་འགོ་ཚུགས་ཡོད་པ་དང་། ལས་དོན་དེ་འགོ་ཚུགས་པ་ནས་བཟུང་ད་བར་ལོ་ལྔ་ཙམ་འགོར་ཡོད་པ་མ་ཟད་། ད་དུང་ལས་དོན་དེའི་ཐོག་ཁུལ་དེའི་ས་ཆ་མང་པོ་ཞིག་ས་ཆ་བདག་པོ་ཚོར་ཕྱིར་སྤྲོད་མ་བྱས་པར་ཁང་པ་གསར་རྒྱག་བྱས་ཤིང་། གསར་རྒྱག་བྱས་པའི་ཁང་པ་དེ་ཚོའི་ནང་ས་གནས་བོད་མི་མང་པོ་ཞིག་བསྡད་བཅུགས་ཡོད་པ་དང་། ཁང་པ་དེ་ཚོའི་རྒྱ་ཁྱོན་རྨི་གྲུ་བཞི་ཁ་གང་མ་༨༠ལས་མེད་པས་། བོད་མི་མང་པོ་ཞིག་ལ་ཁང་པའི་རྒྱ་ཁྱོན་ཆུང་དྲགས་ཏེ། ཕྱིས་སུ་རྒྱ་ནག་གཞུང་ཕྱོགས་དང་གན་རྒྱ་བཞག་ཏེ་ཁང་པ་རྒྱ་བསྐྱེད་བཏང་ཡོད་ལ། ད་ཆ་རྒྱ་ནག་གཞུང་ནས་དམག་མི་བརྒྱ་ཕྲག་ཁ་ཤས་མངགས་གཏོང་བྱས་ཏེ། ཁང་པ་རྒྱ་སྐྱེད་བཏང་བའི་བོད་མི་ཚོས་བསྐྱིས་དངུལ་ཕྱིར་སྲིད་གཞུང་ལ་སློག་དགོས་བ་བརྗོད་དེ། བསྐྱིས་དངུལ་མི་སློག་མཁན་གྱི་བོད་མི་ཚོ་སྡོད་ཁང་ནས་ཕྱིར་འབུད་བྱེད་བཞིན་ཡོད་པ་རེད་འདུག་ལ། ཕྱིར་འབུད་བྱེད་པའི་ལས་དོན་དེ་བཞིན་སྤེལ་འགོ་ཚུགས་ནས་དུས་ཡུན་བདུན་ཕྲག་གཅིག་ཙམ་ཕྱིན་ཡོད་པ་རེད་འདུག  
བོད་མི་དེ་ཚོ་ནི་དེ་སྔ་ས་ཡོམ་ཁྲོད་ཚེ་སྲོག་དང་རྒྱུ་ནོར་ཤོར་ཞིང་། ཁྱིམ་གཞི་སྟོང་བར་གྱུར་བས་ད་ཆ་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པའི་ཉམས་དག་ནང་མི་དང་བུ་ཕྲུག་ཤ་དག་ཡིན་པར་བརྟེན་བསྐྱིས་དངུལ་སྤྲོད་ཐུབ་ཀྱི་མེད་པ་གནས་ཚུལ་ངོ་སྤྲོད་པས་བརྗོད་ཡོད།

གསར་འགོད་པ་ཀུན་རིག་དང་གུ་རུ་ཆོས་སྐྱིད། ཀླུ་འབུམ།

ཡང་སྒ་སྐྱེ་རྒུ་མདོའི་དོན་འགྲུབ་གླིང་དགོན་པའི་སློབ་གྲྭའི་བོད་ཀྱི་རིག་གནས་ཟབ་སྦྱོང་འཛིན་གྲྭ་ཞིག་སྒོ་རྒྱབ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བསོད་ནམས་དབང་འདུས།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎