བོད་མི་ཞི་བའི་གོམ་བགྲོད་པ་རྣམས་ཝ་ར་ན་སི་ནང་འབྱོར་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་བར་ཞི་བའི་གོམ་བགྲོད་པ་རྣམས་ཝ་ར་ན་སི་ནང་འབྱོར་ཡོད་འདུག

2008.05.19

༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་བར་ཞི་བའི་གོམ་བགྲོད་པ་རྣམས་ ཕྱི་ཚེས་༡༦ ཉིན་ཝ་ར་ན་སི་ནང་འབྱོར་ཡོད་སྐོར་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་འབྲེལ་འགན་འཛིན་སྤེན་པ་ཚེ་རིང་ལགས་ཀྱིས་ གོམ་བགྲོད་པ་རྣམས་ནས་ཝ་ར་ན་སི་ནང་ཉིན་གྲངས་གཉིས་བཞུགས་ཡུན་གྱི་ བོད་ནང་དྲག་གནོན་ཕོག་པའི་བོད་མི་རྣམས་ཀྱི་ཆེད་མཆོད་འབུལ་དང་ བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རིམ་པ་ཞིག་སྤེལ་རྒྱུ་བྱུང་སྐོར་ངོ་སྤྲོད་གནང་གི་ཡོད་པ་རེད་

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཁག་ཅིག་གི་འགོ་ཁྲིད་འོག བོད་མི་གོམ་བགྲོད་པ་༡༠༦ ཙམ་དང་གོམ་བགྲོད་པ་རྣམས་ལ་ཕྱག་རོགས་ཞུ་མཁན་ཞབས་ཞུ་བ་མི་གྲངས་༣༠ བཅས་ནས་ཕྱི་ཟླ་༤ པའི་ཚེས་༡༧ ནས་འགོ་བཙུགས་ རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ལ་དྲག་གནོན་བྱས་པའི་གནད་དོན་དྲིལ་བསྒྲགས་དང་ རྒྱ་ནག་ནང་ཚུགས་རྒྱུའི་ཨོ་ལིམ་ཕིག་གི་རྩེད་འགྲན་ལ་ངོ་རྒོལ་ཞུ་ཆེད་གོམ་བགྲོད་གནང་སྟེ་ཡོད་པ་དང་ གོམ་བགྲོད་པ་རྣམས་ནས་མཐར་གནས་མཆོག་རྡོ་རྗེ་གནད་དུ་འབྱོར་མཚམས་ ཉེ་ལམ་བོད་ནང་རང་དབང་སྒེར་ལངས་ཀྱི་ལས་འགུལ་ནང་སྐུ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་བོད་རིགས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་རྒྱ་ཆེ་ཞིག་གནང་གི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད་ ཁོང་གོམ་བགྲོད་པ་རྣམས་ད་རང་སྔ་དྲོ་ཝ་ར་ན་སི་ནས་ཕེབས་ཐོན་གྱིས་དེ་རིང་དགོང་དྲོ་ཨ་ལམ་པུར་ཞེས་པའི་ས་ཁུལ་ཞིག་ལ་འབྱོར་ཡོད་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎