རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་སྐབས་རང་ཤི་རྒྱབ་འདུག


2014.02.21
ཆབ་མདོ་ས་ཁུལ་སྨར་ཁམས་ཕྱོགས་ཀྱི་ས་གནས་ཞིག ཆབ་མདོ་ས་ཁུལ་སྨར་ཁམས་ཕྱོགས་ཀྱི་
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བློ་བཟང་ཆོས་འཕེལ།

ཆབ་མདོ་ས་ཁུལ་སྨར་ཁམས་ཕྱོགས་ཀྱི་བོད་མི་བཀྲ་ཤིས་ཚེ་རིང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་སྐབས་རང་ཤི་རྒྱབ་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔོན་སྤྱི་ལོ་༢༠༠༨་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའིི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན། ཆབ་མདོ་ས་ཁུལ་སྨར་ཁམས་ཕྱོགས་ཀྱི་བོད་མི་བཀྲིས་ཚེ་རིང་ཟེར་བ་ཉེ་ཆར་ཟླ་བ་འདིའི་སྤྱི་ཚེས་༢༠་ཉིན་དེ་སྔོན་ཀྱི་གནས་ཚུལ་གྱི་ཉེས་འཛུགས་བྱས་ཏེ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱེད་ཐབས་བྱས་སྐབས། ཁོང་གིས་སོ་སོའི་ལུས་ལ་སོ་སོས་གྲི་བརྒྱབ་ནས་ཉེན་རྟོག་པའི་མདུན་དུ་རང་ཤི་བརྒྱབ་ཡོད་པ་རེད་འདུག ཁོང་ནི་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་ལྕགས་ཐག་འབུ་རྫོང་རུ་ཁག་ནས་ཡིན་པ་རེད་འདུག
ད་དུང་༢༠༡༤ཟླ་༢་ཚེས་༡༥་ཉིན། སྨར་ཁམས་རྫོང་ཁོངས་སུ་ཡོད་པའི་མཁན་པ་ལུགས་དགོན་པའི་དགེ་འདུན་པ་༢༠་ཙམ་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་འཇུ་བཟུང་བྱས་ནས། དུས་ཡུན་གང་མཚམས་རིང་བཀག་གཉེར་འདྲི་རྩད་བྱས་རྗེས་ཚེས་༢༡་ཉིན་གློད་བཀྲོལ་བཏང་ཡོད་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་ན། མཁན་པ་ལུགས་དགོན་པའི་གྲྭ་བ་དེ་དག་རྒྱ་ནག་གིས་འཛིན་བཟུང་བྱེད་དོན་ནི། ཁོང་ཚོས་སྐད་འཕྲིན་བརྒྱུད་གོང་ས་མཆོག་གི་སྐུ་པར་དང་། བོད་དོན་དང་འབྲེལ་བའི་གནས་ཚུལ་རིགས་ཕྱི་ཕྱོགས་སུ་གཏོང་བཞིན་པའི་དོགས་གཞི་བྱས་ཡོད་ཚུལ་དང་། ཡང་ཁག་ཅིག་གིས། ཁོ་ཚོ་ཡང་དེ་སྔོན་སྤྱི་ལོ་༢༠༠༨་ལོའི་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་པའི་ཉེས་འཛུགས་དོགས་འདྲི་བྱས་བ་ཡིན་ཚུལ་བཤད་མཁན་ཡོད་པ་ལས་ཞིབ་ཕྲ་གསལ་བོ་མེད་པ་རེད།
སྤྱི་ལོ་༢༠༠༨་ལོའི་བོད་ནང་གི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གིས་བོད་ས་ཡོངས་སུ་དྲག་གནོན་དང་།་མང་པོ་འཛིན་བཟུང་བྱས་ཡོད་པ་ལྟར། སྨར་ཁམས་མཁན་པ་ལུགས་དགོན་པ་ནས་ཀྱང་སྐབས་དེར་དགེ་འདུན་པ་༡༢་ཙམ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད་འདུག

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎