བོད་མདོ་སྨད་ཁུལ་དུ་བོད་རིགས་སློབ་ཕྲུག་ཚོས་ངོ་རྒོལ།

ཨ་མདོ་བླ་བྲང་བསང་ཆུ་རྫོང་གི་སློབ་ཕྲུག་བརྒྱ་བསྐོར་ཞིག་གིས་ཤེས་ཡོན་གྱི་གནད་དོན་ཐད་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག་ཅེས་ངོ་རྒོལ།

2009.04.25

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རོའུ་ཀྲར་དང་ཨེ་ཨེཕ་པི་གསར་སྤེལ་ཚན་པས་ཁེ་ས་སྤེལ་བའི་གནས་ཚུལ་ལྟར་ན་མདོ་སྨད་ཨ་མདོ་བླ་བྲང་བསང་ཆུ་རྫོང་གི་བོད་ཡིག་སློབ་གྲྭ་འབྲིང་བའི་སློབ་ཕྲུག་བརྒྱ་བསྐོར་ཞིག་གིས་རང་གི་ལག་ཏུ་འཕྲེད་དར་ཁྱེར་ཏེ་གཟའ་པ་སངས་ཉིན་གྱི་སྔ་དྲོ་སློབ་གྲྭ་དེ་ནས་ཐོན་པའི་སློབ་མ་རྣམས་མཐོ་སློབ་ནང་ཚུད་ཐབས་ཀྱི་ཡིག་རྒྱུགས་གཏོང་བར་འགྲོ་སྐབས་ས་གནས་ཀྱི་བོད་རིགས་ལས་རྒྱ་རིགས་སློབ་མ་མང་བ་བསྡུ་ལེན་བྱེད་ཀྱི་ཡོད་པ་སོགས་ཤེས་ཡོན་གྱི་གནད་དོན་ཐད་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག་ཅེས་རྒྱ་ནག་གཞུང་ལ་ཞུམ་པ་མེད་པའམ་བློ་སྟོབས་ལྡན་པའི་ངང་སྐད་འབོད་རྒྱབ་པ་དང་ས་གནས་ཀྱི་དཔོན་ཚང་སྲང་ལམ་ནས་བླ་བྲག་བཀྲིས་འཁྱིལ་གྱི་དགོན་པའི་བར་གོམ་བགྲོད་རྒྱབ་སྟེ་ཞི་བའི་ངོ་རྒོལ་ཞིག་བརྩམས་ཡོད་པ་རེད། ཡིན་ནའས་གནས་ཀྱི་ཉེན་རྟོག་མི་སྣས་སློབ་ཕྲུག་གི་ངོ་རྒོལ་དེ་བཞིན་ལམ་སེང་བཀག་འགོག་བྱས་ཡོད་པ་རེད། ཀན་སུ་ཞིང་ཆེན་ནང་གི་མགྲོན་ཁང་བདག་པོ་ཞིག་གིས་ཨེ་ཨེཕ་པིའི་གསར་འགོད་པར་དཔང་པོའི་ཚུལ་དུ་བརྗོད་གསལ་ལྟར་ན་གཟའ་སྤེན་པའི་ཉིན་སློབ་ཕྲུག་ཚོས་ཞི་བའི་ངོ་རྒོལ་སྤེལ་སྐབས་ཉེན་རྟོག་མི་སྣས་སློབ་ཕྲུག་འཛིན་བཟུང་བྱས་པ་དང་ཉེན་རྟོག་མི་སྣ་དང་སློབ་ཕྲུག་དབར་འཁྲུག་ཟིང་སོགས་ཤོར་མེད་པ་རེད། སྐབས་དེར་སློབ་ཕྲུག་འགའ་ཞིག་གིས་ང་ཚོར་རང་དབང་དགོས་ཡོད་ལ་ཞི་བདེ་དགོས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ཕེབས་གནང་བཅུག་དགོས་སོགས་དགོས་འདུན་གྱི་ཚུལ་དུ་སྐད་འབོད་ཡང་རྒྱབ་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎