ལོ་བཅུའི་ཁྲིམས་བཅད།


2013.06.07
ཨ་མདོ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་དེ་སྔ་མཆོད་འབུལ་གནང་བའི་འདྲ་པར།
བོད་ནས་བཏང་འབྱོར།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་བ་སྔོན་མའི་ཚེས་ ༢༠ ཉིན་རྒྱ་གཞུང་ཉེན་རྟོག་པས་མགོ་ལོག་ཁུལ་པད་མ་རྫོང་ནས་ཡིན་པའི་བོད་མི་ཝ་ཤུལ་རྡོར་ཕྲུག་ལགས་སུ་ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་ཡི་ཁྲིམས་ཁང་ཞིག་ནས་མི་ལོ་ ༡༠ ཡི་དུས་བཀག་བཙོན་འཇུག་ཁྲིམས་བཅད་བཏང་འདུག དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣ ཉིན་རྡོར་ཕྲུག་ལགས་སུ་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཉིན་ཁོང་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་བཟུང་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མེད་པར་ཡུན་རིང་ལྷག་ཡོད་ཀྱང་། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་ཡི་ཁྲིམས་ཁང་ཞིག་ནས་མགོ་ལོག་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་སྲེག་གི་ལས་འགུལ་སྐབས་ཁོང་གིས་ཉེན་རྟོག་པས་སྐུ་ཕུང་བཙན་འཁྱེར་བྱེད་པར་བཀག་འགོག་དང་། ཕྱི་ལོ་ ༢༠༠༨ དང་ ༢༠༠༩ ལོའི་བོད་མིའི་ཞི་རྒོལ་ནང་མཉམ་ཞུགས་བྱས་པ་བཅས་ཀྱི་ཉེས་མིང་འོག་རྡོ་ཕྲུག་ལགས་སུ་ལོ་ ༡༠ ཡི་ཁྲིམས་བཅད་བཏང་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎