བོད་ཀྱི་སློབ་གསོ་ཉམས་ཞིབ་པ་དང་གེ་སར་ཞིབ་འཇུག་པ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས་ཡོད་འདུག

2022.12.23
བོད་ཀྱི་སློབ་གསོ་ཉམས་ཞིབ་པ་དང་གེ་སར་ཞིབ་འཇུག་པ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས་ཡོད་འདུག རྩོམ་པ་པོ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ།
China State Media

ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་བོད་ནང་མཚོ་སྔོན་ཞིང་ཆེན་རེབ་གོང་སྨད་པ་ནག་ཀྱཱ་སྡེ་བ་ནས་ཡིན་པ། རྩོམ་པ་པོ་དང་སློབ་གསོ་ཉམས་ཞིབ་པ།གླིང་སྒྲུང་ཁྲོད་ཀྱི་གེ་སར་ཞིབ་འཇུག་པ། ནག་ཀྱཱ་བ་ཤ་བོ་ཚེ་རིང་སྐུ་གཤེགས་ཡོད་པ་དང་། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་རྩོམ་པ་པོ་ཁོང་ལ་ཕྱི་ལོ་༢༠༡༩ལོ་ནས་ནད་རྙིང་ཞིག་གིས་ཡུན་རིང་མནར་ཞིང་ལོ་ཤས་བསྙུངས་ཡོད་པ་དང་། ཁོང་གིས་མཚོ་སྔོན་བརྙན་འཕྲིན་ཁང་སོགས་སུ་བོད་ཀྱི་རིག་གནས་དང་སློབ་གསོའི་སྐོར་ནས་འཆད་ཁྲིད་ཐེངས་མང་བྱས་ཤིང་། ཕྱི་ལོ་༢༠༡༨ལོར་མཚོ་སྔོན་ཞིང་ཆེན་གྱི་ཕུལ་དུ་བྱུང་བའི་མཐོ་རིམ་དགེ་རྒན་དུ་བདམས་ཐོན་བྱུང་ཡོད་པ་ཡིག་ཐོག་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྩོམ་པ་པོ་དང་སློབ་གསོ་བ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་ཕྱི་ལོ་༡༩༩༥ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་ནས་སློབ་མཐར་ཕྱིན་ཡོད་པ་དང་། དེའི་རྗེས་ཕྱི་ལོ་༡༩༩༨རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སློབ་གླིང་དུ་གླིང་གེ་སར་སྒྲུང་དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༢ལོ་དབྱིན་ཡུལ་དུ་ཆེད་སྐྱོད་ཀྱིས་དབྱིན་ཇུའི་(University of Reading)སློབ་གླིང་དུ་སློབ་གསོའི་སྐོར་ནས་ཉམས་ཞིབ་གནང་ཡོད་འདུག་ལ། ལོ་དེར་ཁོང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཆེད་མཁས་པར་ངོས་འཛིན་བྱས་ཡོད་འདུག

ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་ཀྱི་གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ་ཞེས་པའི་ཞིབ་འཇུག་དཔྱད་རྩོམ་ལ་མཚོ་སྔོན་ཞིང་ཆེན་གྱིས་ཕུལ་བྱུང་བརྩམས་ཆོས་གྲས་སུ་དཔར་སྐྲུན་བྱས་ཡོད་པ་དང་། ཁོང་གིས་ཕྱི་ལོ་༢༠༡༦ལོར་བོད་ཀྱི་སློབ་གསོའི་གནས་བབ་ཞིབ་འཇུག་ཅེས་པའི་དཔེ་དེབ་དཔར་སྐྲུན་དང་། ཕྱི་ལོ་༢༠༡༨ལོར་ཁོང་གིས་ཨ་རིའི་སྔོན་འགྲོའི་སློབ་གསོ་དང་བོད་ཀྱི་སྔོན་འགྲོའི་སློབ་གསོའི་གཤིབ་བསྡུར་ཞིབ་འཇུག་ཅེས་པའི་དཔྱད་རྩོམ་དེ་བོད་ཁུལ་གྱི་སློབ་གསོའི་ཞིབ་འཇུག་ལས་ཕུལ་བྱུང་དཔྱད་རྩོམ་དུ་བདམས་ཡོད་འདུག་ལ། ལོ་དེར་ཁོང་གིས་འཛམ་གླིང་ན་གཞོན་ནང་ཆོས་ཚོགས་པའི་ཞིབ་འཇུག་གླེང་སྟེགས་སྟེང་ནང་ཆོས་དང་བོད་ཁུལ་གྱི་འཚོ་བའི་སློབ་གསོ་ཞེས་པའི་དཔྱད་གླེང་གཏམ་བཤད་སྤེལ་གནང་བ་སོགས་བྱས་ཡོད་འདུག

ཁོང་ནི་ཕྱི་ལོ་༡༩༧༣ལོར་རེབ་གོང་གི་སྨད་པ་ནག་ཀྱཱ་སྡེ་བར་སྐྱེས་ཤིང་། ཁོང་གིས་བོད་ནང་གི་དེབ་དུས་གྲགས་གྲས་ཁག་ཏུ་བོད་ཀྱི་ཤེས་ཡོན་པའི་ཁྲོད་གདེང་འཇོག་ཐོབ་པའི་ཞིབ་འཇུག་དཔྱད་རྩོམ་མང་དག་ཅིག་སྤེལ་ཡོད་པ་མ་ཟད། དཔར་སྐྲུན་འགྲེམས་སྤེལ་ཟིན་པའི་དཔེ་དེབ་ཁེར་རྐྱང་གི་གངས་རི་དང་། བསམ་བློའི་རྒྱང་འབོད།སྦྲ་ནག་གི་རྒྱང་མིག ཁེར་རྐྱང་གི་སེམས་གཞས། སློབ་གསོ་དང་འཚོལ་སྙེགས་ཞེས་པའི་དེབ་བམ་པོ་གསུམ་བཅས་ཡོད་འདུག  

གསར་འགོད་པ། སངས་རྒྱས་དཀོན་མཆོག  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎