ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་བ་འཛིན་བཟུང༌།

རྒྱ་གར་གྱི་རྒྱལ་ས་དྷི་ལིའི་ནང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་བོད་མི་བཅུ་གསུམ་ཉེན་སྲུང་མི་སྣས་འཛིན་བཟུང་བྱས་པ།

༄༅༎རྒྱ་གར་གྱི་རྒྱལ་ས་དྷི་ལིའི་ནང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་བོད་མི་བཅུ་གསུམ་ཉེན་སྲུང་མི་སྣས་འཛིན་བཟུང་བྱས་ཡོད་འདུག
ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་འདི་ནི་ བོད་ནང་གཞིས་ལུས་བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་དྲག་གནོན་མ་བཟོད་པར་འུ་ཐུག་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་པ་དེར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་།རྒྱལ་སྤྱིའི་ཐོག་བོད་ནང་རྒྱ་གཞུང་གིས་བོད་མིའི་ཐོག་བསམ་ཡུལ་ལས་འདས་པའི་དམ་བསྒྲགས་དང་གནོན་ཤུགས་སྤྲོད་བཞིན་པ་དེ་ཐེར་བཏོན་གྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཆེད་ཡིན་ལུགས་འགྲེལ་བརྗོད་གནང་འདུག། ངོ་རྒོལ་བ་ཚོས་རྒྱ་ནག་གི་གཞུང་ཚབ་ཀྱི་ཉེ་འགྲམ་དུ་བོད་ཀྱི་རྒྱལ་དར་འཕར་བཞིན་ ང་ཚོར་རང་དབང་དགོས་ཞེས་པའི་སྐད་འབོད་སྒྲོག་གཞིན་ངོ་རྒོལ་བྱེད་སྐབས་ས་གནས་ཉེན་སྲུང་མི་སྣས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་ཨེ་པི་གསར་ལས་ཨང་གིས་གནས་ཚུལ་སྤེལ་འདུག། ཉེན་སྲུང་དཔོན་ཨེམ་ ཕི་ སའི་ནི་ ཡིས་ངོ་རྒོལ་བ་བཅུ་གསུམ་འཛིན་བཟུང་བྱས་ཡོད་ལུགས་གསུངས་གནང་འདུག། འདས་པའི་བདུན་ཕྲག་གཉིས་རིང་བོད་ཤར་ཕྱོགས་རྔ་བར་བོད་མི་ལྔ་ཡིས་རང་ལུས་མེར་བསྲེགས་ཀྱིས་རང་སྲོག་དོར་ཐབས་གནང་བྱས་ཡོད༎ གནས་ཚུལ་ནང་ཐོན་པར་གཞིགས་ན།བོད་ནང་གི་བེུད་ཞིག་གིས་རང་ལུས་མེར་བསྲེགས་བྱས་ཡོད་འདུག། གལ་ཏེ་གནས་ཚུལ་འདི་བདེན་པ་ཡིན་ན་ གཟའ་འཁོར་འདི་གཅིག་པུའི་ནང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་བ་ཐེངས་གསུམ་པ་དེ་ཡིན་པ་རེད། དེ་རིང་གི་ལས་འགུལ་འདི་གཞིན་འཛམ་གླིང་ས་ཕྱོགས་གང་སར་སྤེན་ཡོད་པར་ལྟར་ ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱེད་ཀྱི་ཡོད་འདུག།