བདེ་ཆེན་ཕྱོཊ་སུ་གཏེར་ཁ་སྔོག་འདོན་དང་དབོར་འདྲེན་གྱི་གནད་དོན་ཐོག་བོད་མི་ཚོས་ངོ་རྒོལ་བྱས་སྐབས་རྒྱ་ནག་གིས་དྲག་གནོན་དང་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་སྤྱི་ཟླ་༡༡་ཚེས་༡༧་ཉིན་གྱི་ཞོགས་པར། ཁམས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་ཆེན་རྫོང་དབྱངས་འགྲོ་ཡུལ་ཚོ་འཇུ་པ་ཕྱོགས་ནས་རྒྱ་ནག་གིས་ཨར་འདམ་གྱི་རྒྱུ་ཆའི་གཏེར་ཁ་སྔོག་འདོན་གྱིས་དབོར་འདྲེན་བྱེད་བཞིན་པའི་གནད་དོན་ཐོག་ས་གནས་བོད་མི་ཚོས་བཀག་བསྡོམས་དང་ངོ་རྒོལ་བྱས་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཡོང་ནས་བོད་མིའི་ཐོག་དྲག་གནོན་བྱས་བ་དང་། ཉུང་མཐར་བོད་མི་མི་གྲངས་༢༠་ལྷག་འཇུ་བཟུང་བྱས་འདུག
གནས་ཚུལ་ལྟར་ན། ད་ལྟའི་ཆར་ས་གནས་ཀྱི་གནས་ཛ་དྲག་ངང་ཡོད་པ་དང་། ཞིབ་ཕྲའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་རྩད་གཅོད་བྱེད་བཞིན་པ་ཡིན།
གསར་འགོད་པ་བློ་བཟང་ཆོས་འཕེལ།
ངོ་རྒོལ་དང་འཇུ་འཟུང་སྐབས་ཀྱི་བརྙན་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།
བདེ་ཆེན་ཕྱོགས་ནས་བོད་མི་༢༠་ཙམ་འཇུ་བཟུང་བྱས་འདུག
