ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་སྔོག་པར་ངོ་རྒོལ་བྱེད་བཞིན་པ།


2016.05.31
ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་སྔོག་པར་ངོ་རྒོལ་བྱེད་བཞིན་པ། ༢༠༡༦།༥།༣༡ ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་སྔོག་པར་ངོ་རྒོལ་བྱེད་བཞིན་པ། ༢༠༡༦།༥།༣༡
བོད་འབྱོར།

མདོ་ལྷོ་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་ཚོས་ས་གནས་ཀྱི་གཉན་ཆེན་གོང་སྔོན་བླ་རི་ནས་གཏེར་ཁ་བསྔོག་འདོན་ལ་ངོ་རྒོལ་ཞུ་འབོད་བྱས་སྐབས་ས་གནས་རྒྱ་ནག་གི་ཉེན་རྟོག་པ་མང་པོ་འབྱོར་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། བོད་མི་ཚོས་དེ་རིང་ཕྱི་ཟླ་༥ ཚེས་༣༡་ཉིན་ངོ་རྒོལ་བྱས་འགོ་བཙུགས་ནས་རིང་བོ་མ་སོང་བར་ས་གནས་སུ་རྒྱ་ནག་གི་ཉེན་རྟོག་པ་དང་། དམག་མི་འབྱོར་ནས་བོད་མི་ཞི་རྒོལ་བའི་མཐའ་སྐོར་ནས་ཡོད་པ་དང་། ས་གནས་བོད་མི་ཚོས་གོང་རིམ་སྲིད་གཞུང་དང་འབྲེལ་ཡོད་ཚན་པས་གཏེར་སྔོག་མཚམས་འཇོག་ཐད་ཡ་ལན་བདག་སྤྲོད་མ་བྱས་ཚེ། ངོ་རྒོལ་མཚམས་འཇོག་བྱེད་རྒྱུ་མིན་ཚུལ་བཤད་ཡོད་འདུག།  
གཉན་ཆེན་གོང་སྔོན་བླ་རི་ནི་ས་གནས་ཡུལ་མིས་མི་རབས་ནས་མི་རབས་བར་མཆོད་བཀུར་བྱེད་ཡུལ་ཞིག་ཡིན་ཞིང་། རྒྱ་ནག་གི་གཏེར་སྔོག་ཚན་པ་ཁག་གིས། ད་བར་ཚད་ལས་བརྒལ་བའི་གཏེར་ཁ་བསྔོག་འདོན་བྱས་སྟབས། ད་ཆ་ཁོར་ཡུག་གཏོར་སྐྱོན་ཚད་མེད་ཐེབས་བཞིན་པ་ས་གནས་ཡུལ་མིས་མ་བཟོད་པར་བོད་མི་བརྒྱ་ཕྲག་བརྒལ་བས་ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་སྔོན་འགོག་ཞེས་འཁོད་པའི་འཕྲེད་དར་འཕྱར་ནས་གཏེར་ཁ་སྔོག་ཡུལ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཞིག་ཡིན་པ་རེད།
ས་གནས་བོད་མིས་བརྗོད་དོན། གོང་སྔོན་བླ་རི་ནས་གཏེར་ཁ སྔོག་པ་ནི་ཁོར་ཡུག་གཏོར་སྐྱོན་དང་། ས་གནས་བོད་མིའི་ཡུལ་གོམས་ལ་གུས་བརྩི་མ་བྱས་བ་བརྗོད་ཡོད།
འདི་ག་རླུང་འཕྲིན་ཁང་ནས་མུ་འཐུད་གནས་ཚུལ་ཞིབ་རྩད་བྱེད་བཞིན་པ་ཡིན་ལ། ད་བར་གནས་ཚུལ་འབྱོར་བར་ལྟར་ན། ས་གནས་རྒྱ་ནག་གི་གཏེར་འདོན་ཚན་པས་ཨ་མཆོག་གུང་སྔོན་ནས་གཏེར་ཁ་སྔོག་འདོན་བྱས་ནས་མི་ལོ་བཅུ་ཙམ་འགྲོ་བཞིན་ཡོད་འདུག་པ་དང་། དེའི་རིང་ས་གནས་བོད་མི་ཆོས་གཏེར་སྔོག་མཚམས་འཇོག་གི་ཐད་ཡང་ཡང་རེ་ཞུ་བྱས་ཀྱང་ཕན་ནུས་བྱུང་མེད་པ་རེད་འདུག།

གསར་འགོད་པ་ཀླུ་འབུམ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎