བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་མཇལ་འཕྲད་ཞུས་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་སྦེལ་ཇམ་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་གནང་ནས་བོད་དོན་ཞུ་སྐུལ་གནང་བཞིན་འདུག
- 2024-10-03
-
-
-
Your browser doesn’t support HTML5 audio
དེ་ཡང་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་དང་། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་(Belgium)་གྱི་རྒྱལ་ས་སྦར་སིལ་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། འདི་ཚེས་༡ཉིན་ཧྥ་རན་སིའི་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Bernard Guetta)་ལགས་དང་། ཨོསེ་ཊེ་ཡའི་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Hannes Heide)་ལགས། ལི་ཐུ་ནི་ཡའི་ཡོ་རོབ་གྲོས་ཚོགས་འཐུས་མི་(Dainius Zalimas)་ལགས། རོ་མན་ཡའི་གྲོས་ཚོགས་འཐུས་མི་(Lorant Vincze)་ལགས་ཀྱི་སྐུ་ཚབ་ལས་བྱེད་དང་། ཇར་མ་ནིའི་ཡོ་རོབ་གྲོས་ཚོགས་འཐུས་མི་(Michael Gahler)་ལགས་བཅས་ལ་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག
དེའི་སྔོན་ཕྱི་ཟླ་༩བའི་ཚེས་༣༠ཉིན་སྤྱི་འཐུས་རྣམ་པས་སྦེལ་ཇམ་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་(Els Van Hoof)་ལགས་དང་། སྦེལ་ཇམ་གྲོས་ཚོགས་གོང་མའི་འཐུས་མི་(Karl Vanlouwe)་ལགས། གཞན་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ། སྤྱི་འཐུས་རྣམ་གཉིས་དང་ལྷན་སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། དོན་གཅོད་ཁང་གི་ཡོ་རོབ་གྲོས་ཚོགས་བོད་དོན་ཞུ་གཏུག་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་ལྷན་བཅར་གནང་ཡོད་པ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།