བཀའ་དྲིན་རྗེས་དྲན་གྱི་སྤྱི་མོས་གྲོས་ཆོད་དོན་ཚན་བཞི།
གྲོས་ཚོགས་ཚོགས་དུས་༩པའི་ཐོག་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་སྤྱི་མོས་གྲོས་ཆོད་དོན་ཚན་བཞི་ཅན་ཞིག་བཞག་ཡོད་པ།
-
2015-03-17 -
-
-
བོད་མི་མིང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་༩པའི་ཐོག་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་སྤྱི་མོས་གྲོས་ཆོད་དོན་ཚན་བཞི་ཅན་ཞིག་བཞག་ཡོད་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་གནས།
སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་འདིའི་ཐད་སྤྱི་འཐུས་ཉི་ཤུ་རྩ་དྲུག་གིས་ཆ་བཞེས་བླངས་སྟེ། སྤྱི་འཐུས་རང་རང་སོ་སོའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གོ་ལ་འདིའི་སྟེང་རླབས་ཆེན་གྱི་མཛད་འཕྲིན་གྱི་ཐོག་ནས་བཀའ་དྲིན་གྱིས་སྐྱོང་བར་མཛད་པ་དང་། ལྷག་པར་དུ་བོད་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་བཀའ་དྲིན་འདྲན་ཟླ་མེད་པ་སྐྱོང་བར་མཛད་པ་སོགས་ཀྱི་གནས་ལུགས་གསལ་བཤད་གནང་འདུག སྤྱི་འཐུས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐབས་དགུ་པའི་སྤྱི་འཐུས་གྲོས་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་འདི་ལྟ་བུ་ཞིག་གཏེན་འབེབས་ཞུས་པ་དེ་ནི་བོད་མིའི་ཡ་རབས་ཀྱི་གཤིས་ལུགས་དང་འབྲེལ་སྟེ་རྟེན་འབྲེལ་མཚོན་ཆེད་ཞིག་ཡིན་པ་གསུངས་འདུག འདིའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་དང་དེའི་བཀའ་དྲིན་དྲན་དགོས་པའི་བསྐུལ་མ་གནང་འདུགགསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།
གསར་འགོད་པ་བསྟན་འཛིན་དབང་རྒྱལ།