བོད་ཀྱི་ལོ་གསར་དང་བསྟུན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དམ་དྲག་ཞིབ་བཤེར་བྱེད་འགོ་བཙུགས་འདུག

2025.02.26
བོད་ཀྱི་ལོ་གསར་དང་བསྟུན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དམ་དྲག་ཞིབ་བཤེར་བྱེད་འགོ་བཙུགས་འདུག རྒྱ་ནག་ཉེན་རྟོག་པས་བོད་མི་རྣམས་བང་སྒྲིག་འཇུག་བཞིན་པ། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

རྒྱ་ནག་གཞུང་ཕྱོགས་ནས་ལོ་གསར་དང་བསྟུན་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་ཡིན་སྐོར་བརྗོད་ནས། མི་མང་འགྲོ་འདུག་སྤྱོད་གསུམ་གཙོས་བདེ་འཇགས་ཞིབ་བཤེར་གྱི་མིང་ཐོག་ནས་བོད་མི་འདུས་སྡོད་ཁུལ་དུ། དུས་ངེས་མེད་དུ་འཛུལ་ནས་སྡོད་ཁང་དང་མཆོད་ཁང་སོགས་སུ་ཞིབ་བཤེར་བྱེད་བཞིན་འདུག

དེ་ཡང་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ནས་བཟུང་བོད་ཀྱི་ལོ་གསར་ལ་འཁེལ་གྱི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་ལ་བསྙད་ནས་བོད་ནང་ལོ་གསར་སྐབས་མི་ཚོགས་འདུས་སྡོད་ཁུལ་དུ་ཞིབ་བཤེར་ས་ཚིགས་ཆེད་འཛུགས་ཀྱིས་བོད་མི་རྣམས་ལ་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་པ་མ་ཟད། ཡོང་འགྱུར་ལོ་གསར་དང་འབྲེལ་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བས། རྒྱ་ནག་གཞུང་ནས་དོགས་ཟོན་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་གཅིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་ལྷ་ས་གྲོང་ཁྱེར་ངོས་ནས་བོད་ཀྱི་ལོ་གསར་ལ་ཉིན་དྲུག་རིང་གི་གུང་གསེང་ཡོད་ན་ཡང་། གུང་གསེང་སྐབས་སུ་མི་མང་ཡོངས་ཀྱིས་བདེ་འཇགས་འགོག་ཟོན་འདུ་ཤེས་དང་རང་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་ཁུངས་སོ་སོས་འགན་སྲུང་དང་བདེ་འཇགས། བདེ་སྲུང་ལས་དོན་བཅས་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་དགོས། འགོ་ཁྲིད་དང་ལས་བྱེད་འགན་སྲུང་མཁན་ཚོས་དགོངས་ཞུ་མེད་པར་པར་གོ་གནས་བསྐྱུར་ནས་འགྲོ་བར་བཀག་འགོག་ནན་མོ་བྱེད་དགོས། གལ་ཆེའི་ཛ་དྲག་དོན་རྐྱེན་ཐོན་ཚེ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་སྐོར་སོགས་བརྗོད་འདུག་ལ། ལྷ་ས་ཉེན་རྟོག་ཕྱོགས་ནས་ལོ་གསར་དང་བསྟུན་མི་མང་གི་བདེ་འཇགས་ཆེད་ཕྱོགས་ཡོངས་ནས་ཉེན་བརྡ་རྒྱུན་བསྒྲགས་ཡིན་སྐོར་བཀོད་འདུག

ལོ་གསར་དང་བསྟུན་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། ནོར་བུ་གླིང་ཁ་སོགས་སུ་བརྡ་ཁྱབ་སྤེལ་ཏེ་སྒོ་འབྱེད་རྒྱུ་ཡིན་ན་ཡང་། བདེ་འཇགས་དང་འབྲེལ་ཡོད་མི་སྣའི་ཞིབ་བཤེར་དང་ལེན་དགོས་པ་སོགས་བསྒྲགས་འདུག་ལ། ཕོ་བྲང་པོ་ཏ་ལ་ཉི་ཤུ་དགུ་ཉིན་སྒོ་རྒྱག་རྒྱུ་དང་། ལོ་གསར་ཚེས་ ༠༡ ཉིན་ཞོགས་པ་ནས་སྒོ་འབྱེད་རྒྱུ། ལོ་སར་ཚེས་ ༣ ཉིན་སྒོ་རྒྱག་རྒྱུ་ལས་དེ་མིན་ནམ་རྒྱུན་ལྟར་ཡིན་པ་བཀོད་ཡོད་པ་དང་། ལྷ་ས་གྲོང་ཁྱེར་ཉེན་རྟོག་ཕྱོགས་ནས་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ནས་བཟུང་ཕྱི་ཟླ་ ༢ ཚེས་ ༢༨ བར་ལྷ་ས་གྲོང་ཁྱེར་གྱི་གཙུག་ལག་ཁང་དུ་རླངས་འཁོར་འགྲོ་ལམ་དང་གཡུ་ཐོག་ལམ་སོགས་བཀག་འགོག་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པ་དང་། ལོ་གསར་དང་བསྟུན་ཕྱི་ཚེས་ ༢༥ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ལོའོ་ཀང་ཞའོ(Liu Guangxu)ཟེར་བས། བདེ་འཇགས་དང་བརྟན་བརླིང་གི་ལོ་གསར་དགོས་སྐོར་བརྗོད་ནས་ས་གནས་ཁག་ཏུ་སྐོར་སྐྱོད་ཞིབ་བཤེར་བྱས་ཡོད་པ་སོགས་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་འདུག

དེ་བཞིན་བོད་ཀྱི་ལོ་གསར་བསླེབ་ཉེར་བསྟུན་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅིན་ཀྲང་ཟེར་བས། ལྷ་སར་བོད་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་དང་བསྟུན། ཕྱི་ལོ་ ༢༠༢༥ ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༦༠ འཁོར་བའི་ལོ་ཡང་ཡིན་པས། བོད་ནང་དུ་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་བརྟན་བརླིང་ལ་ཤུགས་རྒྱག་དགོས་པ་སོགས་བརྗོད་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་གཙོས་དུས་ཆེན་ཁག་དང་། ལྷག་པར་དུ་གསུམ་བཅུའི་དུས་དྲན་སོགས་ལ་སྔར་ལས་དམ་དྲག་ཞིབ་བཤེར་ཤུགས་ཆེར་གཏོང་སྲོལ་ཡོད་པ་རེད། །

གསར་འགོད་པ། ཚེ་རིང་རྣམ་རྒྱལ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎