ཨིན་ཡུལ་གྲོས་ཚོགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་སྲུང་བརྩི་ཞུས་འདུག

2025.04.02
ཨིན་ཡུལ་གྲོས་ཚོགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་སྲུང་བརྩི་ཞུས་འདུག ཨིན་ཡུལ་དུ་བོད་ཀྱི་ལོ་གསར་སྲུང་བརྩི་སྐབས། ༢༠༢༥།༠༤།༠༢ ཉིན།
Tenzin Kunga

ལོ་ལྟར་ཟླ་ ༣ ཚེས་ ༣༡ ཉིན་མོ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་གྱི་ས་ཐོག་ཏུ་ཞབས་ཐོག་མར་བཅག་པའི་ཉིན་མོ་སྟེ། ཉིན་མོ་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས། ཨིན་ཡུལ་དུ་ཉིན་དེར་བོད་ཀྱི་ལོ་གསར་སྲུང་རྩིས་ཞུ་ཡི་ཡོད་པ་བཞིན། འདི་ལོར་བོད་ཀྱི་ལོ་གསར་སྲུང་བརྩི་དང་མཉམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་སྲུང་བརྩི་ཞུས་འདུག

WhatsApp Image 2025-04-02 at 3.56.28 PM (2).jpeg
ཨིན་ཡུལ་དུ་བོད་ཀྱི་ལོ་གསར་སྲུང་བརྩི་སྐབས། ༢༠༢༥།༠༤།༠༢ ཉིན།

དེ་ཡང་ཟླ་ ༣ ཚེས་ ༣༡ རེས་གཟའ་ཟླ་བའི་ཉིན་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ (All Party Parliamentary Group on Tibet) ཡིས་གོ་སྒྲིག་འོག་ཨིན་ཡུལ་ཅར་ཆིལ་གྲོས་ཚོགས་ཚོགས་ཁང་ (Charchill Room) དུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་དང་སྦྲགས། སྐབས་དེར་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབས་སྐྱོར་ཚོགས་པའི་ཚོགས་པའི་ཚོགས་གཙོ་ (Chris Law) ཡིས། བོད་ཀྱི་ལོ་གསར་སྲུང་བརྩིའི་གལ་གནད་རང་བཞིན་ངོ་སྤྲོད་དང་སྦྲགས། ད་ལྟའི་ཆར་ཨིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པར་ཚོགས་མི་ ༢༠ ཙམ་ཡོད་ལ་ཚོགས་མི་ད་དུང་མང་དུ་འགྲོ་བཞིན་ཡོད་པས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

དེ་འབྲེལ་ཨིན་ཡུལ་དོན་གཅོད་ཀྱི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས། ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་གྱི་ས་ཐོག་ཏུ་ཞབས་ཐོག་མར་བཅག་པའི་ཉིན་མོ་སྟེ། ཉིན་མོ་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས། དེ་སྔ་ནས་ཟླ་ ༣ ཚེས་ ༣༡ ཉིན་ཨིན་ཡུལ་དུ་བོད་ཀྱི་ལོ་གསར་སྲུང་རྩིས་ཞུ་གཏན་འཁེལ་ཡོད་པ་དང་མཉམ། འདི་ལོའི་ཟླ་ ༣ ཚེས་ ༣༡ ཉིན་རྒྱལ་སྤྱིའི་མར་ཁུ་རི་གཟེངས་རྟགས་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་མཛད་སྒོ་ཞིག་ཀྱང་འཚོགས་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

WhatsApp Image 2025-04-02 at 3.56.28 PM (1).jpeg
ཨིན་ཡུལ་དུ་བོད་ཀྱི་ལོ་གསར་སྲུང་བརྩི་སྐབས། ༢༠༢༥།༠༤།༠༢ ཉིན།

གཞན་ཡང་བསྟན་འཛིན་ཀུན་དགའ་ལགས་ཀྱི་མུ་མཐུད་གསུངས་དོན་ལ། སྐབས་དེར་མཛད་སྒོ་གོ་སྒྲིག་གནང་མཁན་ཨིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Chris Law) ཡིས། ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་དང་ཨིན་ཡུལ་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། སྐབས་དེར་ཁོང་གིས་མཛད་སྒོའི་སྐབས་སྐུ་མགྲོན་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ (Voice For The Voiceless) ཞེས་པའི་གལ་གནད་ངོ་སྤྲོད་བརྒྱུད། ཨིན་ཡུལ་རྒྱལ་ཁབ་དེ་བཞིན་ཆོས་ལུགས་རང་དབང་སྲུང་སྐྱོབ་བྱ་མཁན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གྱིས། ཨིན་ཡུལ་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུ་ཞུས་ཡོད་ཅེས། འདི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ཐེངས་འདིའི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོར་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༧ དང་། ཡུན་རིང་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཡུ་གུར་དང་ཧོང་ཀོང་གི་ཚོགས་མི་ཁག་གཅིག་སོགས་ཁྱོན་མི་གྲངས་ ༩༠ ལྷག་ཙམ་ཞིག་ནས་ལྷན་བཞུགས་གནང་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།












བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎