ཡོ་རོབ་བྱང་མའི་སྐུ་ཚབ་དོན་གཅོད་པོ་ལན་ཌིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་འདུག


2019.01.21
ཡོ་རོབ་བྱང་མའི་སྐུ་ཚབ་དོན་གཅོད་པོ་ལན་ཌིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་འདུག ཡོ་རོབ་བྱང་མའི་སྐུ་ཚབ་དོན་གཅོད་པོ་ལན་ཌིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་འདུག
tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་བྱང་མའི་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕིརའིསི་ལགས་ཉེ་འཆར་པོ་ལན་ཌིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་བཀོད་པར་གཞིགས་ན། སྐུ་ཚབ་དོན་གཅོད་བསོད་ནམས་ཕིརའི་སི་ལགས་ཀྱིས་པོ་ལན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Monika Wieli Chowska དང་མཇལ་འཕྲད་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་གསུམ་གྱི་སྐོར་དང་། བོད་ནང་ད་ལྟའི་དུས་སྐབས་འདིར་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་དང་། ཆོས་དད་དང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་སྐོར། ལྷག་པར་དུ་རྒྱ་ནག་གཞུང་གིས་ཉེ་བའི་དུས་སྐབས་སུ་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་བྱས་ནས་མིག་དང་ངོ་གདོང་བརྒྱུད་གསང་བའི་ལས་དོན་སྤེལ་གྱི་ཡོད་པའི་སྐོར་སྙན་སེང་ཞུས་ཡོད་འདུག དེ་བཞིན་སྐུ་ཚབ་དོན་གཅོད་བསོད་ནམས་ཕིརའི་སི་ལགས་ཀྱིས་ལོ་འདིའི་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དེ་ཐེངས་དྲུག་ཅུ་པ་དེ་ཆགས་ཀྱི་ཡོད་པའི་གནད་འགག་སྐོར་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Wieli Chowska ལགས་ལ་སྙན་སེང་ཞུས་ཡོད་འདུག གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་པོ་ལན་ཌིའི་གཙུག་ལག་སློབ་གཉེར་ཁང་ཞིག་ནང་འཁོར་ཡུག་སྲུང་སྐྱོབ་གནང་མཁན་སྐུ་ཞབས་ Tomasz Szczy Gielki དང་ཁོར་ཡུག་སྲུང་སྐྱོབ་སྐོར་བཀའ་མོལ་གནང་སྐབས་ཁོང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་ཡིག་ཆ་དཀར་པོ་ཞེས་པ་དེ་ཕུལ་ཡོད་འདུག དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་པོ་ལན་ཌིའི་ནང་རྟེན་གཞི་བྱས་པའི་སྨན་པ་དམ་པ་བསྟན་འཛིན་བྱང་ཆུབ་ལགས་ཀྱི་མཚན་ཐོག་ཏུ་ཡོད་པའི་བོད་ཀྱི་སྨན་གྱི་སློབ་གཉེར་ཁང་དེར་ཆེད་ཕེབས་ཀྱིས་དེར་ཡོད་འགོ་ལས་རྣམ་པའི་ལྷན་དུ་ལས་དོན་གནང་ཕྱོགས་སྐོར་གྲོས་བསྡུར་ཞིབ་ཕྲ་གནང་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎