བོད་ནང་བོད་མི་ཚོས་རང་གི་སྐད་དང་རིག་གཞུང་སོགས་སྲུང་སྐྱོབ་དར་སྤེལ།


2019.01.09
བོད་ནང་ཟབ་སྦྱོང་འཛིན་གྲྭ་ཚོགས་བཞིན་པ། ༢༠༡༨ བོད་ནང་ཟབ་སྦྱོང་འཛིན་གྲྭ་ཚོགས་བཞིན་པ། ༢༠༡༨
བོད་འབྱོར།

བོད་ནང་གི་བོད་མི་ཚོས་ཐབས་ཤེས་འདྲ་མིན་གྱི་ལམ་ནས་བོད་ཀྱི་སྐད་དང་རིག་གཞུང་སོགས་སྲུང་སྐྱོབ་དར་སྤེལ་གནང་ཐབས་གནང་བཞིན་ཡོད་པ་རེད།
དེ་ཡང་འདི་གའི་གསར་འགོད་པས་བཏང་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་སྟངས་འཛིན་འོག་གི་བོད་ནང་གི་ས་ཁུལ་འགའ་ཤས་སུ་སློབ་གྲྭའི་དགུན་ཁའི་གུང་སེང་དང་བསྟུན་ནས་དང་བླངས་དགེ་རྒན་འགའ་ཤས་ཀྱིས་སློབ་ཕྲུག་དེ་རྣམས་ལ་རིན་མེད་ཐོག་སློབ་ཁྲིད་གནང་བཞིན་པ་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་འདུག ཁོང་གིས་གསུངས་ན། སློབ་ཕྲུག་ཚོ་དབྱར་ཁ་དང་། དགུན་ཁའི་གུང་གསེང་གི་སྐབས་སུ་བོད་ནང་གི་ས་གནས་གཅིག་ཙམ་མ་ཡིན་པར་ས་གནས་ཁག་མང་པོའི་ནང་དུ་གོང་ཞུས་ལྟར་སློབ་ཕྲུག་རྣམས་བོད་ཡིག་སློབ་ཁྲིད་གནང་བཞིན་ཡོད་པ་ནི། དཔེར་ན། བོད་མདོ་སྨད་རེབ་གོང་ཁུལ་དང་། མཚོ་ཤར་བ་ཡན་རྫོང་། མཚོ་ལྷོ་ཁུལ་ཕྱོགས་དེ་མིན་གྱི་ས་གནས་མང་པོའི་ནང་དུ་དེ་ལྟར་སློབ་ཁྲིད་གནང་བཞིན་ཡོད་པ་རེད། ཡིན་ནའང་དཔལ་འབྱོར་གྱི་ཆ་རྐྱེན་ཡོངས་སུ་འཛོམས་མཁན་ཚོས་ཁྱིམ་ཚང་ནང་ཆེད་དུ་དགེ་མཁན་གདན་ཞུས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་ལ་ཟུར་དུ་སློབ་ཁྲིད་གནང་དུ་བཅུག་གི་ཡོད་པ་དང་། དེ་མིན་ཡང་དགེ་མཁན་ཁག་ཅིག་གིས་ཟུར་དུ་སློབ་མ་བསྡུ་རུབ་གནང་སྟེ་སློབ་ཡོན་བཞེས་ནས་སློབ་ཁྲིད་གནང་མཁན་ཡང་ཡོད་པ་རེད། དེ་བཞིན་སློབ་གྲྭ་ཆེན་མོ་ཐོན་ཟིན་པའི་བོད་པའི་སློབ་ཕྲུག་ཁག་ཅིག་གིས་འབྲེལ་ཡོད་དགོན་སྡེ་ཁག་ནང་ཚད་མ་རིག་པའི་སྐོར་ལ་ཆེད་མངགས་སློབ་སྦྱོང་གནང་བར་ཕེབས་མཁན་ཡང་ཡོད་པ་རེད།
ཁོང་གིས་མུ་མཐུད་དུ། དང་བླངས་དགེ་མཁན་ཚོའི་ངོས་ནས་འདི་ལོ་གཅིག་པུར་མ་ཡིན་པར་འདས་པའི་ལོ་འགའ་ཤས་ཀྱི་གོང་ནས་བཟུང་དེ་ལྟར་དང་བླངས་ལས་དོན་སྤེལ་དགོས་དོན་གཙོ་བོ་ནི་དབྱར་དགུན་གཉིས་སློབ་ཕྲུག་གུང་སེང་གི་སྐབས་སུ་སློབ་ཕྲུག་ཚོའི་དུས་ཚོད་འཕྲོག་ལྷག་ཏུ་མ་བཏང་བར་བོད་ཀྱི་སྐད་ཡིག་ཁོ་ནའི་ཐོག་སློབ་བརྩོན་ཐུབ་པའི་རེ་བ་དང་། དེ་བཞིན་རྒྱུན་དུ་ཁྱིམ་ཚང་ནང་སྡོད་མཁན་བུ་ཕྲུག་ཚོའང་ཡིག་རྨོངས་ལས་སེལ་ཐབས་ཀྱི་ཆེད་དུ་ཡིན་པས་རང་རིགས་བོད་རིགས་སྤུན་ཟླ་སུ་འདྲ་ཞིག་ཡིན་ནའང་ཁྱད་མེད་ཐོག་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དགོས་པ་དེ་བོད་མི་ཞིག་ཡིན་པའི་ངོས་ནས་འོས་འགན་ཞིག་ཏུ་བརྩི་བཞིན་ཡོད་ཅེས་གསལ་སྟོན་གནང་འདུག
ད་དུང་གནས་ཚུལ་ལྟར་ན། རྒྱ་ནག་གི་སྟངས་འཛིན་འོག་རྒྱ་ཡིག་གཙོ་བོར་འཛིན་ནས་བོད་ཀྱི་སྐད་ཡིག་ཉམ་རྒུད་དུ་འགྲོ་གཞིའི་ཁོར་ཡུག་ཞིག་གི་འོག་བོད་ནང་གི་བོད་མི་ཚོས་དགོད་བྲོའི་གཏམ་གླེང་དང་། དགོད་བརྙན་ལ་སོགས་པའི་ལམ་བུའི་ཐོག་ནས་བོད་ཀྱི་སྐད་དང་། རིག་གཞུང་སོགས་དར་སྤེལ་གནང་ཐབས་གནང་བཞིན་ཡོད་པ་རེད།
དེ་སྔོན་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྷོ་ཁ་ཁུལ་དུ་སློབ་ཕྲུག་གི་དགུན་ཁའི་གུང་སེང་རིང་སློབ་མ་ཚོར་ཟབ་སྦྱོང་གི་རིགས་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་བཞུགས་མི་ཆོག་པའི་གཞུང་འབྲེལ་བཀོད་ཁྱབ་ཡང་བཏང་ཡོད་པ་རེད།

གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎