ལྷོ་གཞིས་བོད་མིའི་སྐུ་ཚབ་ཚོས་མངའ་སྡེའི་འགྲུལ་ལམ་ཡར་རྒྱས་ལས་དོན་ལྷན་ཁང་གི་བློན་ཆེན་དང་མཇལ་འཕྲད་གནང་འདུག

2023.07.21
ལྷོ་གཞིས་བོད་མིའི་སྐུ་ཚབ་ཚོས་མངའ་སྡེའི་འགྲུལ་ལམ་ཡར་རྒྱས་ལས་དོན་ལྷན་ཁང་གི་བློན་ཆེན་དང་མཇལ་འཕྲད་གནང་འདུག ལྷོ་གཞིས་བོད་མིའི་སྐུ་ཚབ་ཚོས་མངའ་སྡེའི་འགྲུལ་ལམ་ཡར་རྒྱས་ལས་དོན་ལྷན་ཁང་གི་བློན་ཆེན་དང་མཇལ་འཕྲད་གནང་སྐབས།
CTA

དེ་ཡང་ཟླ་བ་འདིའི་ཚེས་༡༩ཉིན་ལྷོ་གཞིས་སྤྱི་ཁྱབ་འཇིགས་མེད་ཚུལ་ཁྲིམས་ལགས་དང་། གཞིས་ཆགས་ཀྱི་འཁོར་ལམ་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་རྣམས། མངའ་སྡེའི་(PWD)་འམ་འགྲུལ་ལམ་ཡར་རྒྱས་ལས་དོན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་(Satish L Jarkiholi)་ལགས་དང་མཇལ་འཕྲད་གནང་ནས། མོན་གྷོ་གཞིས་ཆགས་ནང་དགའ་ལྡན་ནས་འབྲས་སྤུངས་དགོན་པ་བར་གྱི་གཞུང་ལམ་དང་། དེ་བཞིན་ར་སྟོད་གྲྭ་ཚང་ནས་གཞིས་ཆགས་༦པ་བར་གྱི་གཞུང་ལམ་དང་ཆུ་འགྲོ་ཡུར་བུ་བཅས་ཉམས་གསོ་ཆེད་ཧིན་སྒོར་འབུམ་༥༣༠ཐམ་པའི་འཆར་གཞི་ཕུལ་ཏེ་མཐུན་འགྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་པ་ལྟར། བློན་ཆེན་མཆོག་ནས་ཀྱང་འཆར་གཞི་ཕུལ་བ་ཁག་ལ་དགོངས་བཞེས་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

Mundgod Settlement Khorlam Members.jpeg
གོང་ཞུས་གནས་ཚུལ་ནང་། སྐུ་ཚབ་ཚོགས་ཆུང་རྣམས་ཀྱིས་ད་དུང་མངའ་སྡེའི་གྲོང་གསེབ་ཡར་རྒྱས་ལས་དོན་དང་། གྲོང་ཚོའི་ལས་དོན་ཚན་པའི་བློན་ཆེན་སྐུ་ཞབས་(Priyank Kharke)་ལགས་དང་ཡང་མཇལ་འཕྲད་ཞུས་ཏེ། གཞིས་ཆགས་ཁག་ཅིག་གི་གཞུང་ལམ་བཟོ་བཅོས་ཀྱི་འཆར་གཞི་ཕུལ་ཏེ་རིགས་རམ་དགོངས་བཞེས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་ལྟར། ཁོང་གིས་ཀྱང་མཐུན་འགྱུར་གནང་གི་ཡིན་ཞེས་གསུངས་ཡོད་འདུག
སྤྱིར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞིས་ཆགས་སྤྱི་དང་། ལྷག་པར་དུ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གཞིས་ཆགས་ཁག་དང་དགོན་སྡེ་ཁག་གི་བར་རྒྱང་ཐག་རིང་ཙམ་ཡོད་པ་དང་། གཞུང་ལམ་ཡང་སེ་བཟོ་བཅོས་རྒྱག་དགོས་ཀྱི་ཡོད་པའི་ཆ་ནས་མངའ་སྡེའི་གཞུང་ནས་དམིགས་བསལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཆིབས་བསྒྱུར་མ་གནང་གོང་ཙམ་ལ་བཟོ་བཅོས་རྒྱག་རྒྱུའི་མཐུན་འགྱུར་གནང་གི་ཡོད་པ་ཞིག་ཡིན་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎