ལ་དྭགས་ཁ་ཆེའི་སྒེར་གྱི་སློབ་གྲྭའི་ནང་བོད་ཡིག་སློབ་ཁྲིད་གནང་གཏན་འཁེལ་འདུག

ལ་དྭགས་ཡུལ་གྱི་ཁ་ཆེའི་སློབ་ཕྲུག་ཞིག་གིས་༧གོང་ས་མཆོག་ལ་དད་འདུན། ༢༠༡༨།༧།༡༣
ལ་དྭགས་ཡུལ་གྱི་ཁ་ཆེའི་སློབ་ཕྲུག་ཞིག་གིས་༧གོང་ས་མཆོག་ལ་དད་འདུན། ༢༠༡༨།༧།༡༣ (OHHDL)

རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་སུ་ཧྥི་ཁ་ཆེའི་སྒེར་གྱི་སློབ་གྲའི་ནང་བོད་ཡིག་སློབ་ཁྲིད་གནང་གཏན་འཁེལ་འདུག
ལ་དྭགས་བྱང་ཕྱོགས་བྷོག་དང་ཟེར་བའི་གྲོང་ཁྱེར་དེ་ནི་ལ་དྭགས་ཀྱི་ལྡུམ་ར་ནས་སྣུམ་འཁོར་བརྒྱུད་ཆུ་ཚོད་༢་ཙམ་གྱི་སར་ཆགས་ཡོད་ཅིང་། བྷལ་ཏིའི་མི་རིགས་ཡིན་པ་དང་། བོད་ཀྱི་བརྡ་རྙིང་བེད་སྤྱོད་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཡིན་པ་རེད། ས་ཁུལ་དེའི་སུ་ཧྥི་ཁ་ཆེའི་སློབ་གྲྭའི་ནང་འདི་ལོ་ཕྱི་ཟླ་ ༩ ནས་འགོ་འཛུགས་ཀྱིས་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
བྷོག་དང་གྲོང་ཁྱེར་དེའི་ནང་མི་འབོར་༢༥༠༠་ཙམ་ཡོད་པ་རྣམས་ཡོངས་རྫོགས་སུ་ཧྥི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཡིན་པ་རེད། གོང་ཞུས་སློབ་གྲའི་ནང་སློབ་ཕྲུག་༡༢༠་ཙམ་ཡོད་པ་དང་སློབ་ཚན་གཙོ་བོ་དབྱིན་ཡིག་དང་ཨུར་དུ། ཨ་ར་བྷིག། ཧིན་དྷི་་བཅས་ཡིན་ཞིང་། བོད་ཡིག་སློབ་ཚན་གསར་དུ་སློབ་ཁྲིད་གནང་གཏན་འཁེལ་བོད་པའི་བེུད་དགེ་རྒན་རྡོ་རྗེ་དབང་མོ་ལགས་དང་རྒན་ཚེ་རིང་སྒྲོན་དཀར་ལགས་གཉིས་ཡོད་འདུག་ཅིང་། ཁོང་གཉིས་ནི་སྔ་ལོ་སུ་ཧྥི་ཁ་ཆེའི་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སློབ་གྲྭ་དེར་དེང་དུས་ཤེས་ཡོན་སློབ་ཁྲིད་བྱ་མཁན་གྱི་དགེ་རྒན་མཁོ་གཏོང་ཡོང་བ་གསོལ་འདེབས་ཞུས་རྗེས་ལ་དྭགས་བོད་མིའི་གཞིས་སྒར་ཁག་གི་སྤྱི་ཁྱབ་ལས་ཁུངས་ནས་གསལ་བསྒྲགས་བྱས་དོན་ལྟར་སློབ་གྲྭ་དེར་སླེབས་པ་ཡིན་འདུག
ཡང་སུ་ཧྥི་་སྒེར་གྱི་སློབ་གྲྭའི་དྲུང་ཡིག་(Ajgar་Ali)་ལགས་ཀྱིས་སློབ་གྲྭ་དེར་ཡོད་པའི་སློབ་ཕྲུག་རྣམས་ཁྱིམ་ཚང་ཉམ་ཆུང་ནས་ཡིན་པ་དང་སློབ་གྲར་དགེ་རྒན་མ་འདང་པའི་དཀའ་ངལ་ཡོད་པ་ཁག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུ་སྐབས་༧མགོན་པོ་གང་ཉིད་ནས་ཐུགས་འཁུར་ཆེ་བཞེས་མཛད་ནས་དེང་དུས་ཤེས་ཡོན་སློབ་འཁྲིད་གནང་མཁན་དགེ་རྒན་གྱི་སློབ་ཡོན་མཐུན་འགྱུར་མཛད་རྒྱུའི་ཞལ་བཞེས་མཛད་སྐོར་གསུངས་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།