བོད་པའི་བེུད་ཅིག་ལ་རྩེད་འགྲན་གྱི་གསེར་གྱི་རྟགས་མ་ཐོབ།
2011.09.21
༄༅༎ཀོང་པོ་ཉིང་ཁྲི་ནས་ཡིན་པ་རང་ལོ་༢༣་ལ་ཕེབས་པ་བོད་པའི་བོུ་ཤི་ལོག་སྒྲོལ་མ་ལཌ་ལ་ཕྱི་ལོ་༢༠༡༡་ལོའི་འཛམ་གླིང་ཨབ་ཐང་འགྲན་རྩེད་ནང་གསེར་གྱི་རྟགས་མ་ཐོབ་འདུག འདི་ཟླའི་ཚེས་༡༢་ནས་འགོ་བཙུཌ་ཀྱིས་ཀྲར་ཀིའི་རྒྱལ་ས་ཨིསི་ཏན་སྦུལ་ནང་ཚོཌ་པའི་རྒྱལ་སྤྱིའི་བེུད་ཀྱི་ཨབ་ཐང་འགྲན་བསྡུར་མཐའ་མའི་ཉིན་བོད་པའི་བོུ་ཤི་ལོག་སྒྲོལ་མ་ལགས་དང་སོག་པོའི་བོུ་སྦེརེན་ཛི་རཀ་གཉིས་དབར་འགྲན་བསྡུར་ཐུག་སྐབས་ ཤི་ལོག་སྒྲོལ་མ་ལཌ་ཀྱིས་སོག་པོའི་བོུ་དེ་ཕམ་ཉེས་བཏང་སྟེ་ཁོང་ལ་ཕྱི་ལོ་༢༠༡༡་ལོའི་འཛམ་གླིང་བེུད་ཀྱི་ཨབ་ཐང་རྩེད་འགྲན་ཨང་དང་པོ་གསེར་གྱི་རྟགས་མ་ཐོབ་ཡོད་ཅིང་ དེ་ནི་བོད་པའི་བེུད་ཅིག་ལ་རྒྱལ་སྤྱིའི་ཨབ་ཐང་སྩལ་འགྲན་ནང་གསེར་གྱི་གཟེངས་རྟགས་ཐོབ་པ་ཐོག་མ་དེ་ཆཌ་ཡོད་པ་རེད་ ད་རེས་ཀྲར་ཀིའི་རྒྱལ་ས་ཨིས་ཏམ་འབུལ་ནང་ཟླ་བ་འདིའི་ཚེས་༡༢་ནས་༡༨་བར་འཚོཌ་པའི་འཛམ་གླིང་བེུད་ཀྱི་ཨབ་ཐང་རྩེད་འགྲན་ནང་རྒྱལ་ཁབ་མི་འདྲ་བ་༡༠༤་ནས་ཨབ་ཐང་རྩེད་འགྲན་པ་བེུད་༩༠༠་ལྷག་མཉམ་བཞུཌ་བྱས་པ་དང་ ད་ལོའི་བེུད་ཀྱི་ཨབ་ཐང་འགྲན་བསྡུར་དེ་ནི་ཕྱི་ལོ་༢༠༡༢་ལོར་དབྱིན་ཇིའི་རྒྱལ་ས་ལོན་གྲན་ནང་འཚོཌ་གཏན་འཁེལ་བའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ནང་བདམས་གསེས་ཀྱི་འགྲན་བསྡུར་ཞིག་ཆཌ་ཡོད་པ་རེད་ ཤི་ལོག་སྒྲོལ་མ་ལཌ་ཀྱིས་འདི་ལོའི་ཕྱི་ཟླ་བཞི་པའི་ནང་ཁོང་ལ་རྒྱ་ནག་རྒྱལ་ཡོངས་བེུད་ཀྱི་ཨབ་ཐང་རྩེད་འགྲན་ནང་དངུལ་གྱི་རྟགས་མ་ཐོབ་ནས་ཟླ་བ་བཞིའི་རྗེས་སུ་རྒྱལ་སྤྱིའི་བེུད་ཀྱི་ཨབ་ཐང་རྩེད་འགྲན་ནང་གསེར་གྱི་རྟགས་མ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ལུཌ་གསུངས་འདུག་ ཡང་བོུ་ཤི་ལོག་སྒྲོལ་མ་ལཌ་ཀྱི་དགེ་རྒན་རྡོ་རྗེ་ལཌ་ནས་ལོ་རྒྱུས་ནང་རྒྱལ་སྤྱིའི་ཨབ་ཐང་འགྲན་རྩེད་ནང་བོད་པའི་བོུ་ཞིག་ལ་གསེར་གྱི་རྟགས་པ་ཐོབ་མ་ཐེངས་དང་པོ་ཡིན་སྟབས་ དེ་ནི་ང་ཚོ་ཚང་སྤོབས་པ་སྐྱེད་དགོས་པའི་དུས་ཚོད་གཅིག་ཡིན་ལུཌ་གསུངས་འདུག་ ཀོང་པོ་ཉིང་ཁྲིའི་ནང་ཁྱིམ་ཚང་དཀྱུས་མ་ཞིག་ནས་ཡིན་པ་ཤི་ལོག་སྒྲོལ་མ་ལཌ་ཕྱི་ལོ་༢༠༡༠་ལོར་རྒྱ་ནག་རྒྱལ་ཡོངས་བེུད་ཀྱི་ཨབ་ཐང་རྩེད་འགྲན་རུ་ཁག་ལ་བདམས་ཐོན་བྱུང་པ་དང་རྒྱ་ནག་དང་རྒྱལ་སྤྱིའི་རྩེད་འགྲན་ཁག་ནང་བོད་མི་རྩེད་འགྲན་པ་མང་པོ་མཉམ་བཞུཌ་གནང་གི་ཡོད་པ་དང་ཡང་ཤེས་རྟོག་བྱུང་བར་གཞིཌ་ན་ད་བར་རྟགས་མ་༢༢༠་ལྷག་ཐོབ་ཡོད་པ་མ་ཟད་ དེང་སྐབས་རྒྱ་ནག་གི་རྩེད་འགྲན་པའི་ཁྲོད་དུ་བོད་པའི་རྩེད་འགྲན་པ་༡༢་ཙམ་རྒྱལ་སྤྱིའི་རྩེད་རིགས་འདྲ་མིན་ནང་འགྲན་བསྡུར་གནང་བཞིན་ཡོད་པའི་གནས་ཚུལ་འདུག།