བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གདན་ཞུ།

འཛམ་གླིང་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་མི་ཐུབ་མཁན་གྱི་ཡུལ་གྲུ་དང་ཚོགས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་གདན་ཞུ།

༄༅༎བཙན་བྱོལ་ནང་ཡོད་པའི་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཕྱི་ལོ་༢༠༡༢ལོའི་རྒྱལ་ཁབ་མེད་པ་འམ་གཞུང་འབྲེལ་གྱིས་འཛམ་གླིང་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་མི་ཐུབ་མཁན་གྱི་ཡུལ་གྲུ་དང་ཚོགས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་གདན་ཞུ་གནང་ཡོད་འདུག

ཕྱི་ཟླ་དང་པོའི་ཚེས་༢༢ཉིན་སེ་པན་གྱི་རྒྱལ་ས་སྦའར་སེ་ལོ་ན་དུ་གོང་ཞུས་གཞུང་འབྲེལ་མིན་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚོགས་པའི་ལྷན་ཚོགས་ཐོག་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཚོགས་མི་ཚོ་མཉམ་ཞུགས་གནང་ཡོད་པ་དང་ ལྷན་ཚོགས་དེའི་ཐོག་ཕ་རན་སི་དང་ ཨི་ཁྲ་ལི་ སེ་པན་ སོགས་ཡུལ་གྲུ་མང་པོ་ཞིག་གི་གཞུང་འབྲེལ་མིན་པའི་རྐང་རྩེད་སྤོ་ལོའི་ཚོགས་པ་ཁག་མཉམ་ཞུགས་བྱས་ཡོད་ཅིང་ དེའི་ཐོག་སེ་པན་ནང་ཡོད་པའི་བོད་ཁང་གི་དབུ་འཛིན་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་ཚོ་ཚོགས་བཞུགས་ཚོགས་མི་གཞན་ཚོར་ངོ་སྤྲོད་གནང་བ་དང་འབྲེལ་ བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ལོ་རྒྱུས་དང་བོད་ཀྱི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ཕྱི་ལོ་ཉིས་སྟོང་བཅུ་ལོར་གཞུང་འབྲེལ་མིན་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་བཞུགས་ཐུབ་མེད་པ་དང་ གཙོ་བོ་དེའི་ལོར་རྩེད་འགྲན་ནང་ཞུགས་མཁན་རུ་ཁག་བཅུ་བརྒྱད་ཡོད་པ་ནས་སྐྱེ་པའི་རུ་ཁག་བརྒྱད་དང་ བེུད་ཀྱི་རུ་ཁག་བཞི་ལས་བདེམས་མེད་པ་མ་ཟད་བོད་རྒྱལ་ཡོངས་རྐང་རྩེད་རུ་ཁག་དང་དེ་མིན་རུ་ཁག་ཁག་ཅིག་དཔལ་འབྱོར་གྱི་གནས་སྟངས་ཀྱིས་རྩེད་འགྲན་དེར་བཞུགས་རྒྱུར་ཨ་སྒོར་ཁྲི་ལྔ་དང་ལྔ་སྟོང་ཙམ་སྤྲོད་རྒྱུར་དཀའ་ངལ་ཡོད་པར་བརྟེན་ནས་ཞུགས་ཐུབ་མེད་པ་རྩེད་འགྲན་ལྷན་ཚོགས་དེའི་འགན་འཛིན་ནས་ད་རེས་ཀྱི་ཚོགས་འདུ་དེའི་ཐོག་གསལ་བཤད་གནང་ཡོད་འདུག བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གིས་དེའི་གོང་རྒྱལ་སྤྱིའི་འགྲན་རྩོད་རིགས་ཁག་གཉིས་ཙམ་ནང་མཉམ་བཞུགས་གནང་མྱོང་ཡོད་འདུག  

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org