བོད་མདོ་སྨད་སེར་རྡ་ཁུལ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས།

བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས་བྱེད་མཁན་གྲས་བོད་མི་གཞོན་སྐྱེས་གཉིས་དང་ཉེན་རྟོག་པའི་དབར་འཁྲུག་ཟིང་ཤོར་བའི་གནས་ཚུལ།

2010.02.19

༄༅༎བོད་མདོ་སྨད་དམའ་ཤོད་སེར་རྟ་རྫོང་གི་གུ་ཤང་དུ་བོད་ལྕགས་སྟག་ལོའི་ལོ་གསར་ཚེས་གཅིག་ཉིན་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས་བྱས་ཡོད་པ་དེ་ས་གནས་ཉེན་རྟོག་པ་གཉིས་ཀྱིས་མར་ཕབ་རྩིས་བྱེད་སྐབས་བོད་མི་གཞོན་སྐྱེས་གཉིས་ཀྱིས་བཀག་འགོག་བྱས་ནས་བོད་མི་དེ་གཉིས་དང་ཉེན་རྟོག་པའི་དབར་འཁྲུག་ཟིང་ཤོར་ནས་ཉེན་རྟོག་པར་ཉེས་རྡུང་ཕྲན་བུ་ཕོག་ཡོད་ཅིང་དེ་རྗེས་བོད་མི་དེ་གཉིས་རི་ལ་བྲོས་བྱོལ་དུ་ཕྱིན་པའི་སྐོར་འབྲེལ་ཡོད་མི་སྣ་འདི་ག་རླུང་འཕྲིན་ཁང་གསར་འགོད་པར་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་དང་ཡིན་ནའི་ད་ལྟའི་ཆར་རྒྱལ་དར་མར་ཕབ་རྒྱུར་བཀག་འགོག་བྱེད་མཁན་གྱི་ས་གནས་བོད་མི་དེ་གཉིས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཕན་ཚུན་ཁ་པར་ཐོག་ནས་འབྲེལ་བ་བྱེད་མི་ཐུབ་པའི་རྐྱེན་གྱིས་ཤེས་རྟོགས་གསལ་པོ་མེད་པ་གསུང་འདུག གོང་ཞུས་བོད་མི་དེ་གཉིས་ཀ་ལོ་ཉི་ཤུ་རྩ་གྲངས་ཡིན་པ་དང་ཁོང་གཉིས་རྣམ་ཀུན་ཚོང་ལས་རྩག་རྩིག་གཉེར་མཁན་གྱི་ས་གནས་འབྲོག་པ་ཡིན་འདུག དེ་མིན་གྱི་གུ་ཤང་གི་མི་སེར་དངོས་གྲུབ་དང་སྲུང་སྐྱོབས་ཟེར་བ་གཉིས་ཀྱང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ནང་བཞུགས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ནག་ཉེས་ཅན་ལ་རྩིས་ཏེ་འཛིན་བཟུང་བྱ་རྩིས་བྱས་པའི་སྐབས་ཁོང་གཉིས་རི་ལ་བྲོས་བྱོལ་དུ་ཕྱིན་ནས་ད་ལྟ་ཡང་འཛིན་བཟུང་བྱས་པ་འམ་ཡང་བྲོས་བྱོལ་དུ་ཡོད་མུས་ཡིན་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་འབྲེལ་ཡོད་མི་སྣ་དེས་གནས་ཚུལ་ངོ་སྤྲོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎