རྡོ་རྗེ་ཚེ་བརྟན་ཞུ་བ་འདས་གྲོངས་སུ་གྱུར་ཡོད་པ།
2012.05.28
༄༅༎ཁ་ས་ཚེས་༢༧་རེས་གཟའ་ཉི་མ་ཉིན། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ཨ་མདོ་རྔ་པ་ནས་ཡིན་པའི་དར་རྒྱས་དང་ཀན་སུའུ་བསང་ཆུ་ནས་ཡིན་པའི་རྡོ་རྗེ་ཚེ་བརྟན་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་བཞིན་རྒྱང་བསྲིང་བྱས་རྗེས། དེ་རིང་ཚེས་༢༨་ཉིན་བི་བི་སི་སོགས་འཛམ་གླིང་བརྒྱུད་ལམ་ཆེ་ཁག་ནང་དེའི་སྐོར་བརྒྱུད་སྤེལ་བྱུང་བ་དང་འབྲེལ། རྒྱ་ནག་གཞུང་གིས་ཀྱང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་དོན་ངོས་ལེན་བྱས་ཡོད་པ་རེད། ད་ལྟའི་ཆར་རང་ལུས་མེར་བསྲེག་མཁན་ནང་ནས་གཅིག་འདས་གྲོངས་སུ་གྱུར་ཟིན་ཡོད་པ་རེད། ལུས་པོ་མེར་བསྲེག་གིས་ངོ་རྒོལ་གྱི་གནས་ཚུལ་བྱུང་བའི་རྗེས་ལྷ་སར་དྲག་ཆས་ཉེན་རྟོག་པ་འཕོན་ཆེ་བཀོད་འགྲེམས་བྱས་ནས་ལྷ་སའི་གྲོང་ནང་གི་རྣམ་པ་ཧ་ཅང་ཛ་དྲག་ཆཌ་ཡོད་པ་རེད། བོད་རང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་ཧའོ་ཕང་གིས་གཟའ་ཉི་མའི་ཉིན་བྱུང་བའི་བོད་མིས་རང་ལུས་མེར་བསྲེག་དེ་ཉེ་སྔོན་བོད་ཁམས་ཕྱོགས་སུ་བྱུང་བའི་རང་ལུས་མེར་བསྲེག་བྱས་དོན་གྱི་རྒྱུན་འཐུད་པ་ཞིག་ཡིན་པས་དམིགས་ཡུལ་ནི། རྒྱ་ནག་ཁ་བྲལ་གཏོང་སེམས་བྱས་པ་རེད་ཟེར་ཁ་རྡུང་བཏང་ལུགས་རྒྱ་ནག་ཤིན་ཧ་དྲ་རྒྱས་ལུང་འདྲེན་བྱས་ཡོད་པ་རེད། ཕྱོགས་མཚུངས་དེ་རིང་པེ་ཅིན་དུ་རྒྱ་ནག་ཕྱི་འབྲེལ་ཁང་གི་འཆར་ཅན་གསར་འགོད་ཚོཌ་འདུའི་ཐོག་གསར་འགོད་པས་བོད་ལ་བྱུང་བའི་རང་ལུས་མེར་བསྲེག་སྐོར་ལ་སྐད་ཆ་དྲིས་པའི་སྐབས་མགྲིན་ཚབ་པ་ཧུང་ལེས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོཌ་མ་བྱུང་གནད་དོན་དེའི་ཐད། རྒྱ་ནག་ཕྱོགས་ཀྱི་ལངས་ཕྱོགས་གསལ་པོ་ཡིན་ལུགས་བཤད་འདུག་ཡང་དེ་རིང་ཕ་རན་སིའི་རྒྱ་ཡིག་དྲ་གནས་ཐོག་ས་ག་ཟླ་བའི་སྐབས་སུ། བོད་མིས་གཙུག་ལག་ཁང་མདུན་རང་ལུས་མེར་བསྲེག་ཅེས་པའི་གསར་འགྱུར་གཏོང་སྤེལ་ནང་། རྒྱ་ནག་གཞུང་གིས་ཉེ་དུས་ས་ག་ཟླ་བའི་རིང་དམ་བསྒྲཌ་བཀའ་རྒྱ་ཁྱབ་བསྒྲཌ་བྱས་པའི་ནང་ གུང་ཁྲན་ཏང་མི་དང་། རྒྱལ་ཁབ་ཀྱི་ལས་བྱེད་པ། སློབ་ཕྲུག་བཅས་ས་ག་ཟླ་བའི་རིང་ཆོས་ལུགས་ཀྱི་བྱེད་སྒོའི་རིགས་གང་ཡང་སྤེལ་མི་ཆོག་པ་སོགས་ཕྱོགས་ཡོངས་ནས་སྔར་བས་དམ་བསྒྲཌ་བཀག་བསྡོམས་བྱེད་ཀྱི་ཡོད་པ་བཀོད་འདུག།