ལྷོ་ཨཕ་རི་ཀའི་ནང་བོད་ནང་གི་གནས་སྟངས་ངོ་སྤྲོད་བྱེད་པ།

རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་བསམ་ཚུལ་བརྗེ་ལེན་བྱེད་ཕྱིར་ལྷོ་ཨ་ཕེ་རི་ཀར་འབྱོར་འདུག

2009.08.21

༄༅༎རྒྱ་ནག་གི་བོད་རིག་པ་སྨྲ་བའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་བསམ་ཚུལ་བརྗེ་ལེན་བྱེད་ཕྱིར་རེས་གཟའ་ལྷག་པའི་ཉིན་ལྷོ་ཨ་ཕེ་རི་ཀའི་རྒྱལ་ས་ཇོ་ཧ་ན་སི་སྦག་ནང་འབྱོར་འདུག

དེ་ཡང་ཁ་ས་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་གོང་ཞུས་རྒྱ་མིའི་སྐུ་ཚབ་ཚོགས་ཆུང་དེས་གཟའ་ལྷག་པའི་ཉིན་རྒྱལ་སའི་ནང་གི་ལྦིཏ་སི་ཞེས་པའི་མཐོ་སློབ་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་དང་ལྷོ་ཨ་ཕེ་རི་ཀའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་དཔོན་རིགས་ལྷན་དུ་མཇལ་འཕྲད་གནང་སྐབས་སུ་རྒྱ་མིའི་སྐུ་ཚབ་ཚོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཕྱི་ལོ་༡༩༥༩ལོ་ནས་བཟུང་བོད་ནང་དམངས་གཙོའི་བཅོས་བསྒྱུར་བཏང་བ་འདས་པའི་ལོ་ལྔ་བཅུ་རིང་ལ་བོད་མིར་ཡར་རྒྱས་ཆེན་པོ་བྱུང་ཚུལ་སོགས་ཀྱི་སྐོར་ངོ་སྤྲོད་བྱས་འདུག རྒྱ་མིའི་སྐུ་ཚབ་ཚོགས་པ་དེའི་འགོ་འཁྲིད་ཡིན་པ་ཤེས་རབས་ཉི་མ་ཟེར་བས་བཀས་བཀོད་ཞིང་བྲན་ལམ་ལུགས་ལག་བསྟར་བྱེད་མཁན་བོད་རྙིང་པ་དེ་བཞིན་ད་ཆ་རང་དབང་དང་འདྲ་མཉམ་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཆགས་སྐོར་བརྗོད་འདུག་ལ་ཡང་ཁོ་པས་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་བསྒྱུར་བ་བྱུང་བའི་ནང་དངོས་སུ་བཞུགས་མཁན་དང་དེ་ནས་ཁེ་ཕན་ཐོབ་པའི་དཔང་པོ་ཡིན་ལུགས་བརྗོད་པ་མ་ཟད་ད་རེས་རྒྱ་མིའི་སྐུ་ཚབ་འཐུས་མིས་ལྷོ་ཨ་ཕེ་རི་ཀའི་ནང་ཡོང་བ་དེས་ཡུལ་མི་ཚོས་བོད་སྐོར་དངོས་བདེན་གནས་ཚུལ་ཤེས་རྟོགས་ལེགས་པ་ཡོང་བའི་རེ་བ་ཡོད་ལུགས་ཀྱང་བརྗོད་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎