བོད་མིའི་གཞིས་ཆགས་ལ་རོཊ་རམ་གནང་རྒྱུའི་ཞལ་བཞེས་གནང་འདུག
2015.06.02

རྒྱ་གར་གྱི་Uttarackhandདཔོན་རིཊ་ཀྱིས་བོད་མིའི་གཞིས་ཆཊ་བསྐྱར་གསོའི་ལས་དོན་ཐོག་ལ་རོཊ་རམ་གནང་རྒྱུའི་ཞལ་བཞེས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་དང་། དྲུང་ཆེ་རྣམ་གཉིས་ཀྱིས་ཕྱི་ཟླ་ལྔ་པའི་ཚེས་༢༦ཉིན་ལྡེ་ར་ལྡུན་ཁུལ་དུ་འཚམས་འདྲིར་ཕེབས་ཏེ་བློན་ཆེན་སྐུ་ཞབས་Dinsh Agarwalམཆོག་དང་མཇལ་འཕྲད་གནང་སྟེ། ཐོག་མར་Uttarakhandགཞུང་གིས་ཉེ་ཆར་བོད་མིའི་གཞིས་ཆགས་བསྐྱར་གསོའི་སྲིད་ཇུས་ཐོག་ལ་ལག་བསྟར་གནང་རྒྱུའི་ལས་དོན་སྤེལ་ཕྱོགས་འཆར་གཞི་བཀོད་གནང་བ་དེ་ཡིས། ས་གནས་དེའི་ཁུལ་གྱི་བོད་མིའི་གཞིས་ཆགས་ནང་དུ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་རྒྱུ་དང་གཞིས་ཆགས་བསྐྱར་གསོའི་ལས་དོན། བོད་མིའི་བདེ་རྩའི་ཐོག་ལ་ནུས་པ་ཆེན་པོ་དང་། ཕན་ནུས་ཆེན་པོ་ཐོན་རྒྱུ་ཡིན་པའི་སྐོར་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། དེར་བློན་ཆེན་མཆོག་གིས། མངའ་སྡེ་གཞུང་ཕྱོགས་ནས་བོད་མིའི་འཚོ་རྟེན་ཡར་རྒྱས་གཏོང་རྒྱུའི་ཐད་དགོས་ངེས་ཀྱི་རོགས་རམ་བྱ་དགོས་ཁག་ལ་རོགས་རམ་དང་མཉམ་ལས་བྱ་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། དེ་རྗེས་Uttarakhandཡི་ནང་སྲིད་དྲུང་ཆེ་མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་མིའི་སྡོད་ཁྱིམ་འཛུགས་སྐྲུན་གྱི་ལས་གཞིའི་སྐོར་སྙན་གསེང་ཞུས་པ་མ་ཟད། འཛུགས་སྐྲུན་གྱི་ལས་གཞི་དེ་ལག་བསྟར་ཡོང་བའི་དགོས་ངེས་ཀྱི་ཆོག་མཆན་ཁག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད། དེ་རྗེས་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱིས་ལྡེ་ར་ལྡུན་རྫོང་གི་ས་གནས་Rajpurཉེ་འཁྲིས་སུ་གསར་རྒྱག་བྱས་པའི་ཚེ་རིང་དོན་ལྡན་བོད་མིའི་གཞིག་ཆགས་གསར་པར་འཚམས་འདྲིར་ཕེབས་པ་དང། ད་དུང་Uttarackhandམངའ་སྡེའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཞུས་ཏེ་བོད་མིའི་གཞིས་ཆགས་གསར་པ་དེའི་ས་ཁང་དབང་འཛིན་མིང་བསྒྱུར་ཡོང་ཐབས་ཐོག་ལ་བཀའ་མོལ་ཞུས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།